དབྱིན་ཡུལ་གྲོས་ཚོགས་ནང་བོད་དང་འབྲེལ་བའི་གནད་དོན་མང་པོ་གླེང་འདུག


2020.10.07
དབྱིན་ཡུལ་གྲོས་ཚོགས་ནང་བོད་དང་འབྲེལ་བའི་གནད་དོན་གླེང་མོལ་སྐབས། 10/7/2020 དབྱིན་ཡུལ་གྲོས་ཚོགས་ནང་བོད་དང་འབྲེལ་བའི་གནད་དོན་གླེང་མོལ་སྐབས། 10/7/2020
uk-parliamentlive.tv

དབྱིན་ཡུལ་གྲོས་ཚོགས་ནང་བོད་དང་འབྲེལ་བའི་གནད་དོན་མང་པོ་གླེང་སློང་དང་མཉམ་དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་ཐོག་ལངས་ཕྱོགས་མཁྲེགས་ཙམ་འཛིན་དགོས་བ་བརྗོད་འདུག
དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Ian Duncan Smith)་ལགས་གཙོས་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས། དབྱིན་ཡུལ་གཞུང་གིས་རྒྱ་ནག་དམར་པོའི་སྲིད་གཞུང་ཐོག་ལངས་ཕྱོགས་མཁྲེགས་ཙམ་དགོས་པ་དང་། མ་འོངས་༢༠༢༢ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་ལོམ་པིག་ལུས་རྩལ་འགྲན་ཚོགས་དེ་ཡང་རྒྱ་ནག་ནང་ཚོགས་རྒྱུར་འོས་བབ་མེད་པ་དབྱིན་གཞུང་ནས་ལངས་ཕྱོགས་བརྟན་པོ་གསལ་འདོན་གནང་དགོས་པ་སོགས་གནད་དོན་དུ་མ་ཞིག་གླེང་སློང་གནང་འདུག
དེ་ཡང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ལས་འགུལ་ཚོགས་པས་གསར་འགོད་གསལ་བསྒྲགས་ཞིག་སྤེལ་བའི་ནང་། འདི་ཚེས་༧རེས་གཟའ་ལྷག་པའི་ཉིན་དབྱིན་ཡུལ་གྱི་གྲོས་ཚོགས་ནང་། གྲོས་ཚོགས་འཐུས་མི་སྐུ་ཞབས་(Sir Ian Duncan Smith) ལགས་ཀྱིས། བོད་ཀྱི་གནད་དོན་དང་འབྲེལ་བའི་བགྲོ་གླེང་གི་ལས་རིམ་ཐོག རྒྱ་ནག་གཞུང་ནས་འདི་ལོའི་ཕྱི་ཟླ་༡པོ་ནས་༧པའི་བར་བོད་ཀྱི་གྲོང་གསེབ་དང་ཞིང་འབྲོག་མི་མང་ས་ཡ་ཕྱེད་ཀ་ཙམ་བཙན་ཤེད་ཀྱིས་ངལ་རྩོལ་དུ་ཁྲིད་པའི་སྙན་ཐོའི་ནང་དོན་དང་། བོད་མི་དེ་དག་རྒྱ་ནག་གི་དྲག་པོའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལྟ་སྲུང་འོག་ངལ་རྩོལ་ཙམ་དུ་མ་ཟད། བཙན་ཤེད་ཀྱི་སྒོ་ནས་བསམ་བློ་བཅོས་བསྒྱུར་གྱི་སློབ་གསོ་སྤྲོད་བཞིན་ཡོད་པ་དང་། དེ་ནི་བོད་མི་རིགས་དེ་རྒྱ་ཧན་མི་རིགས་དང་མཉམ་བསྲེས་གཏོང་ཐབས་སུ། བོད་མིའི་ངོ་བོ་སྲེས་ལྷད་གཏོང་གི་ཡོད་པ་གསལ་འདོན་གྱིས་རྒྱ་ནག་ལ་སྐྱོན་བརྗོད་གནང་འདུག
སྐུ་ཞབས་(Ian Duncan Smith)ལགས་ཀྱིས་དབུ་འབྱེད་གཏམ་བཤད་ཀྱི་མཇུག་སྡོམ་དུ། ༢༠༢༢ལོར་དགུན་དུས་རྒྱལ་སྤྱིའི་ཨོ་ལིམ་པིག་འགྲན་ཚོགས་དེ་རྒྱ་ནག་ནང་ཚོགས་འཆར་ཡོད་པ་རེད། དེ་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཞིག་གི་ནང་རེད། དེ་བས་གང་མྱུར་གནད་དོན་འདིའི་ཐོག་ལངས་ཕྱོགས་ཁ་གསལ་བཟོ་དགོས་ཀྱི་རེད་ཅེས་གསུང་འདུག
གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Ian Duncan Smith)་ལགས་ཀྱིས་དགུན་དུས་རྩེད་འགྲན་གྱི་གནད་དོན་གླེང་སློང་གནང་བ་འདི། རེས་གཟའ་ལྷག་པའི་ཉིན་དབྱིན་ཡུལ་ཕྱི་འབྲེལ་ལས་ཁུངས་ཀྱི་འབྲེལ་ཡོད་ཚོགས་ཆུང་ཞིག་གིས། བོད་མི་དང་གཞན་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་མི་རིགས་མང་པོ་ཞིག་གིས་རྒྱ་ནག་གི་ནང་འཚོགས་རྒྱུའི་དགུན་དུས་རྒྱལ་སྤྱིའི་རྩེད་འགྲན་ནང་དབྱིན་ཡུལ་མཉམ་ཞུགས་མི་བྱེད་པའི་རེ་སྐུལ་དང་ངོ་རྒོལ་གྱི་ལས་འགུལ་ཐོན་བཞིན་ཡོད་པར་བརྟེན། དེའི་ཐོག་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་(Dominic Raab)་ལགས་སུ་འདྲི་ཞིབ་བྱས་པ་དང་། ཕྱི་སྲིད་དྲུང་ཆེ་མཆོག་གིས་རྩེད་རིག་དང་ཆབ་སྲིད་ཐ་དད་ཡིན་ཚུལ་གྱི་ལན་འདེབས་བྱས་ཡོད།
དབྱིན་ཡུལ་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་བགྲོ་གླེང་སྐབས། གྲོས་ཚོགས་ཀྱི་འཐུས་མི་(Wera Hobhouse)་ལགས་དང་། (Tim Loughton)་ལགས་གཙོས་པའི་འཐུས་མི་ཁག་ཅིག་ནས། རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་གི་སྲིད་ཇུས་ལག་བསྟར་དང་ཐད་ཀར་འབྲེལ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོ་ཨ་རིའི་(Magnitsky)་ཞེས་པའི་ཁྲིམས་ལུགས་ལྟར་ཉེས་ཆད་འགེལ་དགོས་པའི་སྐོར་དང་། དེ་བཞིན་དབྱིན་ཡུལ་གྲོས་ཚོགས་ནང་བོད་ནང་ཕར་འགྲོ་ཚུ་འོང་གི་ཐོབ་ཐང་འདྲ་མཉམ་དགོས་པའི་ཁྲིམས་གཞི་གཏན་འབེབས་བྱེད་དགོས་པ་སོགས་གླེང་སློང་ཤུགས་ཆེ་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎