ཧོང་ཀོང་ནང་ལིའུ་ཤའོ་ཕུའུ་གློད་བཀྲོལ་ཆེད་ལས་འགུལ་སྤེལ།
2010.12.05
༄༅༎དེ་རིང་ཧོང་ཀོང་གི་མི་དམངས་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་ཀྱིས་ཧོང་ཀོང་དབུས་ནས་ལྷོའི་ཕྱོགས་སུ་ཡོད་པའི་རྒྱ་ནག་གཞུང་གི་ལས་ཁང་བར་གོམས་བགྲོས་ཀྱིས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་གློད་བཀྲོལ་དགོས་པའི་ལས་འགུལ་སྤེལ་ཡོད་པ་རེད།
འདི་ལོའི་ནོ་བེལ་ཞི་བདེའི་བྱ་དགའ་དེ་རྒྱ་ནག་གི་བཙོན་དུ་ཡོད་པའི་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ལ་ཐོབ་པ་ལྟར་ནོར་ལྦེ་རྒྱལ་ས་ཨོ་སི་ལོ་དུ་ཟླ་བ་འདིའི་ཕྱི་ཚེས་༡༠རེས་གཟའ་པ་སངས་ཉིན་བྱ་དགའ་དངོས་སུ་ཕུལ་བའི་མཛད་སྒོ་ཚོགས་ཀྱི་ཡོད་པར་བརྟེན་དམངས་གཙོ་དོན་གཉེར་ཅན་གྱི་ཧོང་ཀོང་མི་དམངས་ཀྱིས་ལིའུ་ཤའོ་ཕུའུ་གློད་བཀྲོལ་དགོས། རྒྱ་ནག་ནང་དམངས་གཙོའི་བཅོས་བསྒྱུར་གཏོང་དགོས་ཞེས་བྲིས་པའི་ཕྲེད་དར་དང་ཡིག་ཆེན་འཁྱེར་ཏེ། སྐད་འབོད་བྱས་པ་དང༌། ད་དུང་ལིའུ་ཤའོ་ཕུའུ་ཡི་བཟའ་ཟླ་ལིའུ་ཤའ་ཡང་པེ་ཅིང་གི་ཁྱིམ་ཚང་ནས་རང་དབང་གི་འགྲོ་བསྐྱོད་མི་ཆོག་པའི་དོ་དམ་འོག་ནས་གློད་བཀྲོལ་གཏོང་དགོས་པའི་སྐད་འབོད་བྱས་ཡོད་པ་རེད།