ཧོང་ཀོང་གིས་ཕྱི་ལོ་ ༢༠༢༠ ལོར་མང་གཙོའི་རྒྱབ་སྐྱོར་དུ་འོས་བསྡུའི་ལས་འགུལ་སྤེལ་མཁན་མི་སྣ་བཞི་བཙོན་གྲོལ་བཏང་འདུག

2025.04.29
ཧོང་ཀོང་གིས་ཕྱི་ལོ་ ༢༠༢༠ ལོར་མང་གཙོའི་རྒྱབ་སྐྱོར་དུ་འོས་བསྡུའི་ལས་འགུལ་སྤེལ་མཁན་མི་སྣ་བཞི་བཙོན་གྲོལ་བཏང་འདུག ལས་འགུལ་བ་རྣམས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བཞིན་པ། ༢༠༡༩།༠༧།༤
AFP

ཧོང་ཀོང་གི་ས་གནས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༢༩ ཉིན། ཧོང་ཀོང་གཞུང་འཛིན་པས་དེ་སྔ་ཕྱི་ལོ་ ༢༠༢༠ ལོར་གཞུང་འབྲེལ་མ་ཡིན་པའི་སྔོན་འགྲོའི་འོས་བསྡུ་གོ་སྒྲིག་བྱས་པའི་ཉེས་མིང་འོག་ལོ་བཞི་ལྷག་བཙོན་འཇུག་བྱས་པའི་གྲོས་ཚོགས་འཐུས་མི་བཞི་གློད་བཀྲོལ་བཏང་འདུག

ཀི་ལའོ་ཌི་ཡ་མོ་(Claudia Mo)དང་། ཇེ་རེ་མི་ཐམ།(Jeremy Tam) ཀོག་ཁ་ཁི། (Kwok Ka-ki) གྷ་རི་ཕན་(Gary Fan)བཅས་ནི་འོས་བསྡུའི་ལས་འགུལ་དང་འབྲེལ་ཏེ་མི་སྣ་ ༤༧ འཛིན་བཟུང་བྱས་པའི་ཁྲོད་ནས་ཡིན་ཞིང་། AP གསར་ཁང་གིས་གནས་ཚུལ་བཏོན་པ་ལྟར་ན། གྲོད་བཀྲོལ་ཐོབ་པའི་ལས་འགུལ་བ་རྣམས་ཡོད་པའི་རླུང་འཁོར་དེ་བཙོན་ཁང་ནས་སྲུང་བཙན་པོ་ལྡན་པའི་ཐོག་ནས་རེས་གཟའ་མིག་དམར་ཉིན་ཐོན་ཡོད་པ་བསྒྲགས་འདུགAFP གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ།  ཀི་ལའོ་ཌི་ཡ་མོ་ཡི་ཁྱིམ་གྱི་ཕྱི་ལོགས་སུ་གསར་འགོད་པ་ཚོར་ཁོ་མོའི་ཁྱོ་ག་ཕི་ལིབ་བོ་རིང་(Philip Bowring)གིས། མོ་ད་ལྟ་ངལ་གསོ་བཞིན་ཡོད་པ་དང་། གསར་འགོད་པ་ཚོར་སྐད་ཆ་བཤད་འདོད་མེད་ཚུལ་བརྗོད་འདུག

མོ་དང་། ཐམ། ཀོག གྷན་བཅས་ནི་མི་སྣ་ ༤༧ ནང་ནས་བཙོན་དུས་ཐུང་ཤོས་ཐོབ་མཁན་ཡིན་ལ། ཁོང་ཚོས་ནག་ཉེས་ངོས་ལེན་བྱས་པར་བརྟེན་བཙོན་དུས་ཉུང་དུ་བཏང་ཡོད་པ་རེད།

གཞི་རྩའི་ཚོགས་པ་དེས་ཕྱི་ལོ་ ༢༠༢༠ ལོའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་མང་གཙོར་རྒྱབ་སྐྱོར་བྱེད་མཁན་འོས་མི་འོས་ཤོས་འཚོལ་ཆེད་སྔོན་འགྲོའི་འོས་བསྡུ་དེ་གོ་སྒྲིག་བྱས་ཤིང་། དེ་ནི་པེ་ཅིང་གིས་མངའ་ཁུལ་དེའི་རང་སྐྱོང་གནས་བབ་ལ་གནོན་ཤུགས་ཆེན་པོས་ཉམས་ཆག་གཏོང་བཞིན་པའི་དུས་སྐབས་ལ་འཁེལ་ཡོད་ལ། སྐབས་དེར་མི་གྲངས་ ༦༠༠,༠༠༠ ལྷག་གིས་སྔོན་འགྲོའི་འོས་བསྡུ་དེར་འོས་ཤོག་བླུགས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ནོར་འཛོམས། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎