རྒྱ་ནག་གཞུང་གིས་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་བསྒྱུར་བཟོ་བྱེད་རྒྱུ་ཐག་གཅོད་བྱུང་འདུག

2021.03.30
རྒྱ་ནག་གཞུང་གིས་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་བསྒྱུར་བཟོ་བྱེད་རྒྱུ་ཐག་གཅོད་བྱུང་འདུག ཧོང་ཀོང་ནང་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་བསྒྱུར་བཟོ་དང་འབྲེལ་བའི་རྒྱ་ནག་གི་དྲིལ་བསྒྲགས། ༣།༣༠།༢༡
Reuters

རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ལམ་ལུགས་བསྒྱུར་བཟོ་བྱེད་རྒྱུ་ཐག་གཅོད་བྱས་ནས་རྒྱལ་ཞེན་མི་སྣ་འོས་འདེམས་ཐུབ་པ་བྱེད་རྒྱུའི་འཆར་གཞི་འཐེན་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་བསྒྱུར་བཟོ་བྱས་ནས་དམངས་གཙོའི་ལས་འགུལ་བ་རྣམས་ཀྱི་འཐུས་མིའི་ཐོབ་ཆ་དེ་ཉུང་དུ་བཏང་བ་མ་ཟད། ཧོང་ཀོང་གི་གྲོས་ཚོགས་ནང་རྒྱ་ནག་ལ་རྒྱལ་ཞེན་བྱེད་མཁན་འོས་འདེམས་ཐུབ་པ་བྱེད་རྒྱུའི་འཆར་གཞི་འཐེན་བཞིན་པ་རེད།
དེ་ཡང་(Reuters)གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ཚེས་༣༠ཉིན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་ཆུང་ཁྲོད། རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་འོས་བསྡུ་བྱེད་ཕྱོགས་དེར་བསྒྱུར་བཟོ་བྱེད་རྒྱུར་སྤྱི་མོས་ཐག་གཅོད་བྱུང་ཡོད་འདུག
དེ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཐོག་དམ་དྲག་གི་སྲིད་བྱུས་མཁྲེགས་སུ་གཏོང་ཆེད་ཡིན་ཞིང་། ད་ཐེངས་ཀྱི་བསྒྱུར་བཟོ་དེའི་ནང་ཧོང་ཀོང་གི་གྲོས་ཚོགས་ནང་དམངས་གཙོའི་ལས་འགུལ་སྤེལ་མཁན་གྱི་གྲོས་ཚོགས་འཐུས་མིའི་གྲངས་འབོར་དེ་ཉུང་དུ་གཏོང་བ་དང་། རྒྱ་ནག་གཞུང་གིས་ངོས་ལེན་བྱེད་པའི་གྲོས་ཚོགས་འཐུས་མིའི་གྲངས་འབོར་མང་དུ་གཏོང་ཆེད་ཡིན་པ་གསར་ལམ་ཁག་གིས་གནས་ཚུལ་སྤེལ་འདུག
ད་ཐེངས་ཀྱི་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་འོས་འདེམས་བྱེད་ཕྱོགསབསྒྱུར་བཟོ་བྱེད་རྒྱུའི་ནང་། གྲོས་ཚོགས་ཀྱི་འཐུས་མིའི་ཞབས་སྟེགས་མང་དུ་གཏོང་རྒྱུ་མཚོན་གྲོས་ཚོགས་འཐུས་མིའི་མི་འགྲོའི་ཐོག་ཞིབ་འཇུག་ཚོགས་ཆུང་ཞིག་གསར་འཛུགས་བྱེད་རྒྱུ་ཡིན་པ་མ་ཟད། ཚོགས་ཆུང་དེའི་ལས་དོན་དེ་ཡང་རྒྱ་ནག་དབུས་གཞུང་གི་སྲུང་སྐྱོབ་ཀྱི་དཔོན་རིགས་དང་མཉམ་ལས་བྱེད་རྒྱུའི་འཆར་གཞི་བཀོད་སྒྲིག་བྱས་ཡོད་པ་རེད།
ཧོང་ཀོང་གི་སྲིད་དོན་པ་བགྲེས་པ་དང་ཧོང་ཀོང་གི་གནད་དོན་ཁག་གི་ཐོག་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་དང་མཉམ་ལས་གནང་མཁན་(Mary Tam)ཡིས། གོང་ཞུས་ཧོང་ཀོང་གྲོས་ཚོགས་ཀྱི་མི་འགྲོ་ཞིབ་འཇུག་ཚོགས་ཆུང་དེས་འོས་མི་རྣམས་ཀྱི་ལོ་རྒྱུས་ཞིབ་འཇུག་དང་། ཁོང་རྣམས་ཀྱིས་རྒྱ་ནག་གི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞིར་བརྩི་འཇོག་བྱེད་ཀྱི་ཡོད་མིན་ཞིབ་འཇུག་བྱེད་རྒྱུ་ཡིན་པའི་སྐོར་བརྗོད་ཡོད་པ་རེད།
རྒྱ་ནག་གི་དཔོན་རིགས་ཚོས། ད་ཐེངས་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་འོས་འདེམས་ཀྱི་ལས་དོན་ཐོག་བསྒྱུར་བཟོ་གཏོང་དགོས་པའི་དམིགས་ཡུལ་ནི། ཕྱི་ལོ་༢༠༡༩ལོར་ཧོང་ཀོང་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་བྱུང་བ་དེས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཐོག་གནོད་སྐྱོན་བྱུང་ཡོད་པའི་སྐོར་དང་། མངའ་ཁུལ་གྱི་འོས་བསྡུའི་ལས་དོན་དང་འབྲེལ་བའི་སྐྱོན་ཆ་ཁག་མེད་པ་བཟོས་ནས་རྒྱ་ནག་ལ་རྒྱལ་ཞེན་ཡོད་མཁན་རྣམས་ཀྱིས་མངའ་ཁུལ་འཛིན་སྐྱོང་ཐུབ་པ་ཡོང་རྒྱུའི་ཆེད་བྱས་པ་ཡིན་ལུགས་བརྗོད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎