ཨ་མི་རི་ཀའི་པ་ཀི་སི་ཐན་སྐུ་ཚབ་རྒྱ་གར་དུ་ཕེབས་ཡོད་པ།
2010.01.17
༄༅༎ལོན་ཌོན་(London)དུ་རིང་མིན་ཨཕ་ག་ནི་སི་ཐན་སྐོར་རྒྱལ་སྤྱི་ཚོགས་ཆེན་གྱི་སྔ་རོལ་དུ་ ཨ་མི་རི་ཀའི་པ་ཀི་སི་ཐན་དང་ཨཕ་ག་ནིསེ་ཐན་གྱི་དམིགས་བསལ་སྐུ་ཚབ་རི་ཆརྜི་ཧོལ་སྦུརུཁ་(Richard Holbrooke)རེས་གཟའ་ཉི་མའི་ཕྱི་དྲོ་རྒྱ་གར་ནང་ཕེབས་ཡོད་འདུག༎
ཨ་རིའི་དམིགས་བསལ་སྐུ་ཚབ་གྱིས་རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེ་སེ་ཨེམ་ཀི་རིཤ་ཎ་(S M Krishna)གཙོས་པའི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་ཀྱིས་ཟླ་བ་འདིའི་མཇུག་ཏུ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ནང་འཚོགས་རན་པའི་ཨཕ་ག་ཎི་སི་ཐན་གྱི་རྒྱལ་སྤྱིའི་ཚོགས་ཆེན་སྐོར་དང་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཨཕ་ག་ཎིསི་ཐན་གྱི་དཀའ་རྙོག་སེལ་རྒྱུའི་སྲིད་བྱུས་གྱི་ནང་དོན་སྐོར་ནང་མོལ་གནང་རྒྱུ་ཡིན་འདུག་ རྒྱ་གར་གྱིས་རྒྱ་གར་དང་པ་ཀི་སི་ཐན་གྱི་ས་མཚམས་སུ་དྲག་སྤྱོད་པའི་ལས་འགུལ་མཚམས་འཇོག་ཆེད་ཨ་རིས་པ་ཀི་སི་ཐན་ལ་ཤུགས་རྐྱེན་སྤྲོད་དགོས་པའི་སྐུལ་དེད་བྱེད་རྒྱུར་ཚོད་དཔགས་བྱེད་ཀྱི་ཡོད་འདུག་ དམིགས་གསལ་སྐུ་ཚབ་རྒྱ་གར་ནང་ཟླ་བ་དྲུག་གི་རྗེས་སུ་ཕེབས་ཀྱི་ཡོད་འདུག་ དེའི་གོང་ལ་ཐེངས་ཕེབས་ཡོད་ཀྱང་རྒྱ་གར་འབྲེལ་དཔོན་རིགས་ཚོས་དུས་ཚོད་ཁོམ་མིན་བརྗོད་དེ་གཡོལ་ཐབས་ཁོང་ན་བྱས་ཡོད་རེད་ དེའི་རྒྱུ་མཚན་ནི་རྒྱ་གར་གྱིས་ཨ་རིའི་དམིགས་བསལ་སྐུ་ཆབ་ཀྱིས་པ་ཀི་སི་ཐན་དང་ཨཕ་ག་ཎིསེི་ཐན་གྱི་འཐབ་རྩོད་གྲས་སུ་ཀཤེ་མིར་ཀྱི་དཀའ་རྙོག་དང་འབྲེལ་བ་བཟོ་རྒྱུར་རྣམ་རྟོག་བྱེད་བཞིན་པ་རེད༎