༸གོང་ས་མཆོག་དང་སརྐོསི་མཆོག་གི་མཇལ་འཕྲད་ལ་འགྱུར་མེད།

༸གོང་ས་མཆོག་དང་ཕ་རན་སིའི་སྲིད་འཛིན་སར་ཀོ་སི་རྣམ་པ་གཉིས་གཟའ་སྤེན་པའི་ཉིན་པོ་ལེནཌ་ལ་མཇལ་འཕྲད་གནང་རྒྱུ་ཡིད་པ་རེད།

2008.12.06

༄༅༎རྒྱ་ནག་གཞུང་གི་གནོན་ཤུགས་དང་དེ་བཞིན་རྒྱ་ནག་དང་ཕ་རན་སིའི་བར་གྱི་ཨ་སྒོར་ཐེར་འབུམ་མང་པོའི་ཚོང་འབྲེལ་མཚམས་འཇོག་ཡོང་རྒྱུའི་ཉེན་བརྡ་བཏང་བར་མ་ལྟོས་པར་ཕ་རན་སིའི་སྲིད་འཛིན་ནིཀོ་ལས྄་སར་ཀོ་སི་མཆོག་གིས་བོད་ཀྱི་དབུ་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་གཟའ་སྤེན་པའི་ཉིན་པོ་ལེནཌ་ཡི་སྲིད་འཛིན་ཟུར་པ་ལེཅ་བལི་སྰ་མཆོག་ལ་ནོར་བེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་དུས་དྲན་གྱི་རྟེན་འབྲེལ་མཛད་སྒོ་སྐབས་སུ་མཇལ་འཕྲད་གནང་རྒྱུ་ཡིན་པ་ཕ་རན་སའི་སྲིད་འཛིན་ཕོ་བྲང་གི་མགྲིན་ཚབ་པས་གཟའ་པ་སངས་ཀྱི་ཉིན་གནས་ཚུལ་ཕྱིར་བསྒྲགས་གནང་ཡོད་པ་རེད།

ཕ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་ཕ་རན་སིའི་གཞུང་གི་ལས་དོན་སྤེལ་ཕྱོགས་དང་ཕ་རན་སིའི་དཔོན་རིགས་ཀྱིས་མི་སུ་འདྲ་ཞིག་དང་མཇལ་འཕྲད་གནང་མིན་གྱི་ཐོག་ང་ཚོའི་གྲོགས་པོ་ཡིན་ན་ཡང་བཀོད་པ་གཏང་རྒྱུའི་དབང་ཚད་གང་ཡང་མེད་པ་རེད་ཅེས་གསུངས་ཡོད་པ་དང་དེ་བཞིན་གཟའ་སྤེན་པའི་ཉིན་པོ་ལེནཌ་ཡི་སྲིད་བློན་ཌོ་ནལ་ཊ་ས྄ཀ་མཆོག་དང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་ཡང་མཇལ་འཕྲད་གནང་ཡིན་པ་རེད༎

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎