ཕྱི་ཚེས་༣༠འི་ཉིན་འཚེ་མེད་ཞི་བའི་ལས་འགུལ་སྤེལ་རྒྱུའི་སྐོར།

༸གོང་ས་མཆོག་ནས་འཛམ་གླིང་ཁྱོན་ཡོངས་སུ་དུས་གཅིག་ཏུ་སྤེལ་རྒྱུའི་འཚེ་མེད་ཞི་བའི་ལས་འགུལ་ཞེས་པའི་ནང་ལྷན་བཞུགས་གནང་རྒྱུ་ཡིན་འདུག

2008.08.22

༄༅༎བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བརྒྱད་པའི་ཚེས་༣༠ཉིན་འཛམ་གླིང་ཁྱོན་ཡོངས་སུ་དུས་གཅིག་ཏུ་སྤེལ་རྒྱུའི་འཚེ་མེད་ཞི་བའི་ལས་འགུལ་ཞེས་པའི་ནང་ལྷན་བཞུགས་གནང་རྒྱུ་ཡིན་འདུག

བོད་མི་དང་བོད་དོན་རྒྱབ་སྐྱོར་བ་དེ་བཞིན་འཛམ་གླིང་ནང་ཞི་བདེར་དགའ་བའི་མི་ཚང་མས་ཕྱི་ཟླ་བརྒྱད་པའི་ཚེས་༣༠ཉིན་གྱི་སྔ་དྲོའི་ཆུ་ཚོད་བདུན་པ་ནས་ཕྱི་འདྲོའི་ཚོུད་༧པ་བར་དུས་གཅིག་ཏུ་ལས་འགུལ་དེའི་ནང་མཉམ་བཞུགས་བྱ་རྒྱུ་ཡིན་པ་དང་། དེའི་རིང་ལས་འགུལ་དེའི་ནང་བཞུགས་མཁན་ཚོས་བཟའ་ཆ་མི་ཆོད་པར་ ཞལ་འདོན་སོགས་གནང་རྒྱུ་ཡིན་ཞིང་ ལས་འགུལ་དེ་བཞིན་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་སྣེ་ཁྲེད་གནང་བ་ཞིག་ཡིན་ཞིང༌། ལས་འགུལ་སྣེ་ཁྲིད་གནང་མཁན་བཙན་བྱོལ་བོད་གཞུང་བཀའ་ཤག་ནས་ ད་རེས་ཀྱི་ལས་འགུལ་དེའི་ནང་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་ཚོགས་སྡེ་ཁག་དང་དེ་བཞིན་བཙན་བྱོལ་ནང་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་དེ་བཞིན་ཞི་བདེར་དགའ་བའི་མི་སྣ་ཡོངས་རྫོགས་ཀྱིས་དུས་གཅིག་ཏུ་དུས་ཡུན་ཚོུད་༡༢རིང་འཚེ་བ་མེད་པའི་ལས་འགུལ་དེའི་ནང་མཉམ་བཞུགས་གནང་རྒྱུའི་འབོད་སྐུལ་གནང་ཡོད་པ་དང་། འཚེ་མེད་ཞི་བའི་ལས་འགུལ་དེ་བརྒྱུད་ནས་ཞི་བདེ་དང་དྲང་བདེན་གྱི་ཐོག་ནས་བོད་ཀྱི་གནད་དོན་དེ་གང་མགྱོགས་སེལ་རྒྱུར་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་གང་མང་ཐོབ་ཐབས་གནང་རྒྱུའི་དམིགས་ཡུལ་འཛིན་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎