༸གོང་ས་མཆོག་ནས་ཆོས་འབྲེལ་གསུང་ཆོས།

༸གོང་ས་མཆོག་ནས་ཉིན་ཞག་ལྔའི་རིང་ཀ་ཛ་ཏ་སྦོ་སངས་དཀར་བཅས་སུ་ཆོས་ཕྱོགས་མཛད་འཕྲིན་བསྐྱངས་དང་སྐྱོངས་བཞིན་པ་རེད།

2009.07.13

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་དགུ་ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ལོའོ་སེ་པི་ཊི་རྫོང་གི་ཀ་ཛ་ཁུལ་དུ་ཆིབས་བསྒྱུར་གནང་སྟེ་ཉིན་ཞག་ལྔའི་རིང་ཀ་ཛ་ཏ་སྦོ་སངས་དཀར་བཅས་སུ་ཆོས་ཕྱོགས་མཛད་འཕྲིན་བསྐྱངས་དང་སྐྱོངས་བཞིན་པ་རེད།

ཕྱི་ཚེས་དགུ་ཉིན་ཀ་ཛ་ས་གནས་ནང་གསར་བཞེངས་གནང་བའི་ས་སྐྱ་ཁང་གསར་དགོན་པར་རང་གནས་དབུ་འབྱེད་གནང་ཡོད་པ་དང་ཕྱི་ཚེས་བཅུ་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁུལ་དེའི་ནང་གི་ཆོས་ཞུ་བ་ཆིག་ཁྲི་ལྔ་སྟོང་བརྒལ་བར་ཆོས་འབྲེལ་དབུ་ཚུགས་གནང་ཡོད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ཞུ་བ་ཚོར་ཐོག་མར་ཆོས་འབྲེལ་དབུ་ཚུགས་གནང་བའི་སྐབས་བཀའ་གནང་དོན་ལ་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་བའི་མི་རྣམ་གྱིས་ནང་པའི་ཆོས་ལ་ཉམས་ལེན་བྱས་ནས་བདག་གཅེས་རྒྱུན་འཁྱོངས་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་བཀའ་གནང་མཛད་ཡོད་ཅིང་༸གོང་ས་མཆོག་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཉམས་ལེན་བྱས་པ་ལ་ཐོག་མར་རྒྱུད་ལ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བས་འཛིན་པ་ཞིག་དགོས་རྒྱུ་དེ་གལ་ཆེ་ཡིན་པའི་སྐོར་ཡང་བཀའ་གནང་མཛད་ཡོད་པ་རེད། ཆོས་འབྲེལ་ཉིན་དང་པོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ས་སྐྱ་ཀུན་དགའི་སྙིང་པོར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་གདམ་པར་བསྩལ་བའི་ཞན་པ་བཞི་བྲལ་གྱི་གདམ་ངག་བཀའ་ཁྲིད་གནང་ཡོད་པ་དང་དེ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ས་སྐྱང་ཀུན་དགའ་སྙིང་པོར་བསྩལ་བའི་ལུང་བསྟན་ལྟར་ས་སྐྱ་གྲགས་པ་རྒྱལ་མཚན་གྱིས་འགྲེལ་པ་མཛད་པ་ཞིག་ཡིན་པ་རེད། གསུང་ཆོས་ཞུ་བར་བཅར་མཁན་གྱི་གྲས་སུ་ཀ་ཛ་ཁུལ་གྱི་དཔོན་རིགས་ཁག་ཅིག་དང་དེ་བཞིན་རྫོང་གསར་མཁན་རིན་པོ་ཆེ་ཀ་ཛ་ཁུལ་གྱི་བཙན་བྱོལ་བོད་མི་མང་སྤྱི་འཐུས་དང་ས་སྐྱ་ནང་སློབ་ཀྱི་དགེ་སློབ་སོགས་ཀྱི་གཙོས་མི་གྲངས་སྟོང་ཕྲག་གསུང་ཆོས་ཞུ་བར་བཅར་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎