ནང་པའི་དགེ་འདུན་པ་ཚོར་ཚན་རིག་སློབ་ཁྲིད་གནང་འཆར།

༸གོང་ས་མཆོག་གིས་དགོན་སྡེ་ཁག་ནང་དུས་ཚོད་མི་རིང་བའི་ནང་ཚན་རིག་སློབ་ཁྲིད་གནང་རྒྱུའི་འཆར་གཞི་ཡོད་པའི་བཀའ་གནང་ཡོད་པ་རེད།

2009.12.18

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་དུ་ཡོད་པའི་བོད་པའི་དགོན་སྡེ་ཁག་ནང་དུས་ཚོད་མི་རིང་བའི་ནང་དེང་རབས་ཀྱི་ཚན་རིག་སློབ་ཁྲིད་གནང་རྒྱུའི་འཆར་གཞི་ཡོད་པའི་བཀའ་གནང་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ཡུ་པི་མངའ་སྡེའི་རྒྱལ་ས་ལཀི་ནོ་ནང་དུ་ཚོགས་པའི་ཀླད་པའི་རྩ་ཁམས་རིག་པའི་ཚན་རིག་ཚོགས་འདུ་ཐེངས་༥༨པའི་ཐོག་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་བ་བཞིན་ཁ་ས་ཕྱི་ཚེས་བཅུ་བདུན་ཉིན་ཚོགས་བཅར་བའི་འདུ་འཛོམས་དེའི་ཐོག་ལ་གསུང་བཤད་གནང་བའི་ནང། མ་འོངས་པར་བཙན་བྱོལ་ནང་གི་བོད་པའི་དགོན་སྡེ་ཁག་ནང་ནང་ཆོས་སློབ་ཁྲིད་ཀྱི་སློབ་ཚན་དང་མཉམ་དུ་དེང་དུས་ཀྱི་ཚན་རིག་སློབ་གཉེར་བྱ་རྒྱུ་སློབ་ཚན་ཁོངས་སུ་བཅུག་རྒྱུའི་དགོངས་གཞི་ཡོད་ཅེས་བཀའ་གནང་བ་མ་ཟད། ད་ལྟའི་འཆར་བཙན་བྱོལ་ནང་ཚན་རིག་སློབ་སྦྱོང་བྱེད་མཁན་གྱི་སློབ་ཕྲུག་འདེམས་ཐོན་བྱས་ཏེ་ཨ་མི་རི་ཀའི་ཨེཏ་ལེན་ཊ་མཐོ་རིམ་སློབ་གྲའི་ནང་ལོ་ལྔའི་རིང་ཚན་རིག་སློབ་སྦྱོང་དུ་ཆེད་གཏོང་བྱེད་པའི་ལས་དོན་གྱི་རྨང་གཞི་འགོ་བཙུགས་ཟིན་པ་དང། བཞུགས་སྒར་རྡ་རམ་ས་ལའི་ཁུལ་གྱི་དགོན་སྡེ་ཁག་ནང་ལའང་སེམས་དང་རྒྱུ་འབྲས་ཀྱི་རྣམ་བཞག་གཞི་བཅོལ་ཏེ་ཚན་རིག་སློབ་ཁྲིད་བྱེད་རྒྱུ་འགོ་བཙུགས་ཟིན་པའི་བཀའ་གནང་ཡོད་པ་རེད།

ཀླད་པའི་རྩ་ཁམས་རིག་པའི་ལྷན་ཚོགས་དེའི་ནང་ལ། རྒྱ་གར་གྱི་སྲིད་བློན་དམ་པ་ལྕམ་ཨིན་རྡི་ར་གེན་རྡི་ཡི་བུ་ཆུང་བ་སཱན་ཇེ་གེན་རྡི་ཡི་མཚན་ཐོག་གི་སྨན་གྱི་མཐོ་རིམ་སློབ་གཉེར་ཁང་ནང་གི་རྒྱལ་ཁབ་ཁག་མི་འདྲ་བའི་སྨན་པ་དང་དབང་རྩའི་ཆེད་ལས་སྨན་པ། ཞིབ་འཇུག་པ་སོགས་ཁྱོན་ཚོགས་ཞུགས་མི་གྲངས་༧༠༠ལྷག་ཕེབས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎