མཐར་བོད་ལ་རང་སྐྱོང་གནས་བབ་འཐོབ་རྒྱུ་ཡིན་སྐོར།

༸གོང་ས་མཆོག་གིས་མཐར་བོད་ལ་རང་སྐྱོང་གི་གནས་བབ་ཅིག་འཐོབ་རྒྱུར་ཐུགས་རེ་ཆེན་པོ་ཡོད་སྐོར་བཀའ་གནང་འདུག

2010.01.11

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་དལྟ་རྒྱ་དམར་གྱིས་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པའི་གནས་སྟངས་སྡུག་པོ་ཞིག་ནང་ལྷུང་ཡོད་ནའང་མཐར་བོད་ལ་རང་སྐྱོང་གི་གནས་བབ་ཅིག་ཐོབ་རྒྱུར་ཐུགས་རེ་ཆེན་པོ་ཡོད་སྐོར་བཀའ་གནང་འདུག

དེ་ཡང་༸གོང་ས་མཆོག་གིས་བོད་ནང་གི་བོད་མི་རྣམས་ཀྱི་ལྷག་བསམ་ཧ་ཅང་གི་ཆེན་པོ་ཡོད་པ་རེད་ གཞི་རྩའི་ཐོག་ནས་འགྱུར་བ་ཞིག་ཐེབས་བཞིན་ཡོད་ རྒྱ་མི་རིགས་འཐེར་འབུམ་གཅིག་ལྷག་ལ་དངོས་བདེན་གྱི་གནས་ཚུལ་ཤེས་རྒྱུར་རང་དབང་ཡོད་པ་དེར་ཡིད་ཆེས་ཆེན་པོ་ཡོད་ཅེས་བཀའ་གནང་འདུག གོང་ཞུས་༸གོང་ས་མཆོག་གི་བཀའ་མོལ་དེ་རེས་གཟའ་ཉི་མ་ཉིན་གང་ཉིད་རྒྱ་གར་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཀལ་ཀ་ཏའི་ནང་བདེ་སྐྱིད་ཀྱི་ཐབས་ལམ་ཞེས་པའི་བརྗོད་གཞིའི་མཛད་སྒོ་ཤིག་སར་བཀའ་གནང་ཡོད་ཅིང་ སྐབས་དེར་༸གོང་ས་མཆོག་གིས་ས་ཁུལ་གྱི་དབུལ་ཕོངས་བུ་ཕྲུག་གི་ཤེས་ཡོན་ཆེད་ལས་ཀ་བྱེད་མཁན་གྱི་ཚོགས་སྡེ་ཞིག་ལ་བྱ་དགའ་གསོལ་སྕལ་གནང་ཡོད་པ་རེད་           ཡང་༸གོང་ས་མཆོག་གིས་ཆོས་ཡང་དག་པ་ཅིག་བྱེད་རྒྱུར་དགོན་པ་བཞེངས་པ་ལས་སྨན་ཁང་དང་སློབ་གྲ་བཞེངས་རྒྱུ་དེ་གལ་ཆེ་ཞིང་          སྟོན་པ་སངས་རྒྱས་ཀྱི་ཆོས་གལ་ཆེ་བ་ལས་འདྲ་སྐུ་གལ་ཆེ་བ་མིན་ཞེས་བཀའ་གནང་འདུག

༸གོང་ས་མཆོག་གིས་མུ་མཐུད་ནས་རྒྱ་གར་གྱིས་ལོ་ངོ་ཆིག་སྟོང་ལྷག་གི་བྱམས་པ་དང་སྙིང་རྗེའི་གཅེས་ནོར་གྱི་རིག་གཞུང་དེ་འཐུད་ཤོར་བཏང་ན་མི་འགྲིག་པ་དང་ གང་ཉིད་འཛམ་གླིང་གི་ས་ཕྱོགས་གང་སར་བསྐྱོད་སྐབས་རྒྱ་གར་གྱི་ཆོས་ལུགས་ཕན་ཚུན་འཆམ་མཐུན་གྱི་རིན་ཐང་དར་སྤེལ་གཏོང་མཁན་གྱི་སྐུ་ཚབ་ལྟ་བུའི་ཕྱག་ལས་གནང་གི་ཡོད་ཅེས་བཀའ་གནང་འདུག ཡང་མགོན་པོ་གང་ཉིད་ཀྱིས་འགྲོ་བ་མིའི་བདེ་སྐྱིད་དེ་དངུལ་དང་དབང་ཆ་དེ་མིན་ཤེས་ཡོན་ནས་ཡོང་གི་མེད་ཅིང་སྟོན་པ་བཅོམ་ལྡན་གྱིས་བཀའ་གནང་བ་ལྟར་མཐར་ཐུག་གི་བདེ་སྐྱིད་དེ་རང་རང་སོ་སོར་རག་ལུས་ཀྱི་ཡོད་པ་རེད་ཅེས་བཀའ་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎