༧གོང་ས་མཆོག་དང་ཨི་སི་ཀྲོ་ནི་ཡའི་སྲིད་འཛིན་མཇལ་འཕྲད།

༧གོང་ས་མཆོག་གིས་ཨེ་སི་ཀྲོ་ནི་ཡ་ཡུལ་གྱི་སྲིད་འཛིན་མཇལ་འཕྲད་དང་མང་ཚོགས་ཐོག་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད།

2011.08.18

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་སི་ཀྲོ་ནི་ཡ་ཡུལ་གྱི་སྲིད་འཛིན་མཇལ་འཕྲད་དང་མང་ཚོགས་ཐོག་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་སི་ཀྲོ་ནི་ཡ་ཡུལ་ནང་གི་ཉིན་གཉིས་པའི་མཛད་འཆར་དུ་ཐོག་མར་ཡུལ་དེའི་ནང་གི་གསར་ཤོག་ཆེ་ཤོས་དང་གཟུགས་མཐོང་རླུང་འཕྲིན་གི་བཅར་འདྲིར་བཀའ་ལན་ཁག་གནང་ཡོད་པ་རེད་          

དེ་ནས་༧གོང་ས་མཆོག་གིས་ཨེ་སི་ཀྲོ་ནི་ཡའི་སྲིད་འཛིན་སྐུ་ཞབས་ཐོ་མ་སེ་ཨིལ་ལྦེསེ་མཆོག་དང་མཇལ་མོལ་གནང་རྗེས་བོད་དོན་དང་འབྲེལ་བའི་སྐོར་ཤེས་ལྡན་པ་དང་རྩོམ་བྲིས་པའི་ལྷན་ཚོགས་ཤིག་ལ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད་ དེ་ནས་༧གོང་ས་མཆོག་གིས་ ཨེ་སི་ཀྲོ་ནི་ཡའི་གྲོས་ཚོགས་སུ་ཆིབས་བསྒྱུར་བསྐྱངས་ནས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་དང་གཞན་ཡང་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་མཇལ་མོལ་གནང་རྗེས་དེར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ཌེ་རེ་སི་ཧར་ཀེལ་ ཡིས་འབུལ་གཤོམས་གནང་བའི་ཉིན་གུང་གི་གསོལ་ཚིགས་དེ་དེར་བཞེས་གནང་ཡོད་པ་རེད་ ཉིན་གུང་གི་གསོལ་སྟོན་དེར་ཡུལ་གྱི་བདེ་སྲུང་བློན་ཆེན་དང་སྲིད་བློན་ལས་ཚབ་པ་སྐུ་ཞབས་མའཏ་ལའར་ཡང་གསོལ་སྟོན་དུ་ཕེབས་ཡོད་པ་རེད་    ཉིན་གུང་གསོལ་སྟོན་དེ་གྲུབ་འཕྲལ་གོང་ས་མཆོག་གིས་ཨེ་སི་ཀྲོ་ནི་ཡ་དང་ལཏ་ལྦི་ཡ་ ལི་ཐུ་ལྦེ་ནི་ཡ་ཡུལ་ཁག་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་དང་མཇལ་མོལ་གནང་ཞིང་ ཁོང་རྣམས་པར་ད་ལྟའི་བོད་ཀྱི་གནས་བབ་སྐོར་བཀའ་སློབ་གསུང་བཤད་གནང་བའི་ནང་རྒྱ་ནག་གཞུང་གིས་དལྟའི་བོད་ནང་གི་སྲིད་བྱུས་དེ་བོད་མི་རྣམས་རང་ཡུལ་དུ་གྲང་ཉུང་མི་རིགས་ཤིག་ལ་འགྱུར་རྒྱུའི་སྲིད་བྱུས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་བཀའ་གནང་ཡོད་པ་རེད་ ༧གོང་ས་མཆོག་གི་ཨེ་སི་ཀྲོ་ནི་ཡ་ཡུལ་ནང་གི་ཉིན་གཉིས་པའི་མཛད་འཆར་མཐའ་མ་དེ་མང་ཚོགས་ཐོག་ཀུན་ཁབ་ཀྱི་འགན་དབང་གི་བརྗོད་གཞིའི་ཐོག་མི་མང་སྟོང་ཕྲག་མང་པོར་བཀའ་སློབ་དང་རྗེས་སུ་འདྲི་བ་ཁག་ལ་བཀའ་ལན་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎