༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་སྡི་ལིར་ཞབས་སོར་འཁོད་ཡོད་པ།
2018.04.21
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་སྡི་ལིར་ཞབས་སོར་འཁོད་ཡོད་ཅིང་། རྒྱལ་ས་སྡི་ལི་རུ་ཕྱི་ཚེས་༢༡་ནས་༢༥་བར་ཉིན་གྲངས་བཞིའི་རིང་མཛད་འཕྲིན་བསྐྱང་དང་སྐྱོང་བཞིན་པ་རེད། སང་ཕྱི་ཚེས་༢༢་ཉིན་༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་དམ་པ་ པན་ཌིཊ་ཇཱ་ཝཱ་ཧར་ལཱལ་ ནིཧ་རུ(Pundit Jawaherlal Nehru)དྲན་རྟེན་འགྲེམས་སྟོན་ཁང་དུ་ཞི་བདེ། འགྲིག་པོ། འཕེལ་རྒྱས།་འབྱུང་ཐབས་ཀྱི་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་དང་། དེ་ནས་ཕྱི་ཚེས་༢༤་ཉིན་སྲིད་བློན་དམ་པ་ལཱལ་ བྷཧ་དུར་ ཤཱསྟྲི(Lal Bahadur Shastri) འཛིན་སྐྱོང་བསྟི་གནས་ཁང་གི་ལོ་འཁོར་སློབ་པ་མཐར་སོན་གྱི་དགའ་སྟོན་མཛད་སྒོའི་དབུ་བཞུགས་མཛད་དེ་བཀའ་སློབ་བསྩལ་རྒྱུ་དང་། དེ་བཞིན་ཕྱི་ཚེས་༢༤་ཉིན་གྱི་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ IIT Delhi Auditorium དུ་Velocity 48 ཚོགས་པས་གོ་སྒྲིག་ཞུས་དོན་ལྟར། རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་བཅས་ཀྱི་མཛད་འཆར་འདུག ཕྱི་ཚེས་༢༥་ཉིན་༧གོང་ས་མཆོག་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་གི་ཡོད་པ་རེད།།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་རྣམ་རྒྱལ།