༸གོང་ས་མཆོག་ནས་ཉི་ཧོང་དུ་མང་ཚོགས་ལ་གསུང་ཆོས་སྩལ།

༧གོང་ས་མཆོག་གིས་ཕྱི་ཚེས་༢༦ཉིན་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མའི་ནང་མང་ཚོགས་ཁྲི་གཅིག་ལ་རྟེན་འབྲེལ་བསྟོད་པའི་གསུང་ཆོས།

2010.06.26

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱིི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཚེས་༢༦ཉིན་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མའི་ནང་མང་ཚོགས་ཁྲི་གཅིག་ལ་རྟེན་འབྲེལ་སྟོད་པའི་གསུང་ཆོས་བསྩལ་གནང་མཛད་འདུག།

ད་རང་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་མི་རིགས་༢༠༠ཙམ་ལ་མཇལ་ཁ་གནང་ཡོད་པ་བཞིན། བོད་མི་དང་རྒྱ་མི་རིགས་ཚོ་སྟོན་པ་གཅིག་གི་རྗེས་འབྲང་པ་ཡིན་པའི་ཆ་ནས་ནང་ཆོས་ལ་དད་པ་གཅིག་པོ་བྱས་པ་ཙམ་མ་ཡིན་པར་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟན་གནང་མཛད་པའི་ནང་ཆོས་ཀྱི་གཞུང་ལུགས་ལ་སྦྱང་བརྩོན་དང་འབྲེལ་ཉིན་རེའི་འཚོ་བའི་ནང་ཉམ་ལེན་ཚུལ་བཞིན་བྱེད་དགོས་པའི་བཀའ་སློབ་ཟབ་མོ་བསྩལ་གནང་མཛད་འདུག།

དེ་རྗེས་གྲོང་ཁྱེར་ཡོ་ཀོ་ཧ་མའི་ནང་གི་འགྲེམས་སྟོན་ཚོགས་ཁང་ཆེན་མོའི་ནང༌། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ཁྲི་གཅིག་བརྒལ་བར་རྟེན་འབྲེལ་སྟོད་པའི་གསུང་ཆོས་བཀྲིན་བསྐྱངས་གནང་མཛད་ཡོད་པ་རེད།

དེ་ནས་ཉིན་རྒྱབ་ཐེ་ལྦན་དང་ལྷོ་ཀོ་རི་ཡའི་དགེ་སློང་ཁག་ཅིག་གིས་རང་རང་སོ་སོའི་སྐད་ཀྱི་ཐོག་ཞལ་འདོན་གནང་བ་དང༌། རྒྱ་གར་བ་ཁག་ཅིག་ནས་ལེགས་སྦྱར་གྱི་སྐད་ནང་ཞལ་འདོན་གནང་འདུག། ༧གོང་ས་མཆོག་གི་ཆིབས་བསྒྱུར་དང་སྟབས་བསྟུན་ ཉི་ཧོང་དུ་ཕེབས་པའི་རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་ བཀྲིས་ལྷུན་པོའི་དགེ་འདུན་པ་མཚོ་ཁག་ཅིག་གིས་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང༌། སོག་པའི་རོལ་དབྱངས་པ་ཁག་ཅིག་གིས་ཆོས་པའི་གླུ་དབྱངས་ཕུལ་གནང་བ། དེ་བཞིན་ཉི་ཧོང་གི་དགེ་འདུན་པ་ཚོས་སྲོལ་རྒྱུན་གྱི་རྔ་རྡུང་གནང་ནས་ཉི་ཧོང་སྐད་དུ་ཤེས་རབས་སྙིང་པོའི་རྟ་དབྱངས་འཐེན་གནང་བ་དང༌། ཡང་ཉི་ཧོང་ནང་སྙན་གྲགས་ཆེ་བའི་ཇེཛ་རོལ་དབྱངས་པ་ལྦ་ཏ་ན་སྦེ་ས་ཌོ་ཡི་བོད་པའི་ཆེད་དུ་བརྩམས་པའི་ཀ་བ་ཞེས་པའི་རོལ་གཞས་གཟིགས་འབུལ་ཞུས་འདུག།

གོང་ཞུས་ ཡོ་ཀོ་ཧ་མའི་འགྲེམས་སྟོན་ཚོགས་ཁང་ཆེན་མོའི་ནང་འདུས་པའི་མང་ཚོགས་ཁྲོད་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་སྐོར་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་ཤིག་ཀྱང་ཕུལ་འདུག། ད་རེས་༧གོང་ས་མཆོག་གི་གསུང་ཆོས་ཞུ་བར་བཅར་བའི་མི་དམངས་རྣམས་ཉི་ཧོང་ཙམ་མ་ཡིན་པར་ཉེ་འཁོར་རྒྱལ་ཁབ་རྒྱ་ནག་དང་ཐེ་ཝན། ལྷོ་ཀོ་རི་ཡ། སོག་ཡུལ། ཨུ་རུ་སུ་སོགས་ས་གནས་ཁག་མང་པོ་ནས་ཆེད་བཅར་ཞུས་ཡོད་པ་དང༌། མང་ཚོགས་ཀྱིས་༧གོང་ས་མཆོག་ལ་དད་གུས་ཆེན་པོའི་སྒོ་ནས་དགའ་བསུ་ཟབ་རྒྱས་ཞུས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎