བདེ་ལེགས་སྨན་ཁང་གི་མགོ་ལས་ཚོར་མཇལ་ཁའི་སྐབས། སྔར་བཞིན་ནད་པ་ལ་ལྟ་རྟོག་ཧུར་ཐག་བྱེད་དགོས་པའི་བཀའ་སྩལ་བ།

2022.10.06
བདེ་ལེགས་སྨན་ཁང་གི་མགོ་ལས་ཚོར་མཇལ་ཁའི་སྐབས། སྔར་བཞིན་ནད་པ་ལ་ལྟ་རྟོག་ཧུར་ཐག་བྱེད་དགོས་པའི་བཀའ་སྩལ་བ། ༸གོང་ས་མཆོག་གིས་བདེ་ལེགས་སྨན་ཁང་གི་ལས་བྱེད་ཚོར་མཇལ་ཁ་སྩལ་བའི་སྐབས། ༢༠༢༢།༡༠།༠༦
OHHDL

བཞུགས་སྒར་དུ་རྟེན་གཞི་ཆགས་པ་བདེ་ལེགས་སྨན་ཁང་བཙུགས་ནས་ལོ་ངོ་ཧྲིལ་བོ་༥༠འཁོར་བའི་དགའ་སྟོན་གནང་བཞིན་པ་དང་ཆབས་ཅིག སྤྱི་ཟླ་༡༠པའི་ཚེས་༦ཉིན་བཞུགས་སྒར་ཕོ་བྲང་དུ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས། བདེ་ལེགས་སྨན་ཁང་གི་མགོ་ལས་ཚོར་མཇལ་ཁ་བཀའ་སློབ་སྩལ་ཡོད་ཅིང་། འཕགས་པ་ཝ་ཏི་བཟང་པོའི་སྐུ་འདྲ་བཞུགས་ཡོད་ས་དེར་སྨན་ཁང་འདི་དམིགས་བསལ་ཆགས་ཀྱི་ཡོད་པ་དང་། སྔར་བཞིན་ནད་པ་ལ་ལྟ་རྟོག་ཧུར་ཐག་གནང་དགོས་པ་སོགས་བཀའ་སྩལ་འདུག

གཞན་ཡང་༧གོང་ས་མཆོག་གིས་ཁྱེད་ཚོའི་སེམས་ཀྱི་གཏིང་དུ་བཙན་བྱོལ་ནང་བསྡད་པའི་རིང་། བདེ་ལེགས་སྨན་ཁང་གི་ལས་ཀ་བྱས་ནས་ལས་དགེ་བ་ཤུགས་ཆེ་བསགས་ཡོད་སྙམ་དགོས་པ་སོགས་ལམ་སྟོན་ཕེབས་གནང་འདུག

གཞན་ཡང་མཇལ་ཁ་གྲུབ་བསྟུན་༧སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ནས། ༧རྒྱལ་བ་རིན་པོ་ཆེས་བདེ་ལེགས་སྨན་ཁང་གིས་སྤྱི་ཚོགས་ལ་ཞབས་ཞུ་ཕན་ཐོགས་ཆེན་པོ་བྱུང་བ་མ་ཟད། ༧སྐུ་མདུན་རང་ལའང་ཐུགས་ཕན་སོས་པོ་བྱུང་བ་སོགས་གསུངས་པའི་ཐོག གཞིས་བྱེས་མཉམ་འཛོམས་བྱུང་སྐབས་ཁྱེད་རང་ཚོ་དང་ང་ཚོ་འབྲེལ་བ་ཆགས་ངེས་ཅན་དང་ངོ་ཐུག་གི་རེད་ཅེས་བཀའ་སྩལ་སོང་ཞེས་འགྲེལ་བརྗོད་གནང་གི་འདུག

བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས། མི་ལོ་ལྔ་བཅུའི་རིང་བདེ་ལེགས་སྨན་ཁང་གི་ལས་བྱེད་འདས་གསོན་ཚང་མའི་ཐོག་ནས་དཀའ་ལས་བརྒྱབས་ཡོད་པ་དང་། ༧རྒྱལ་བ་རིན་པོ་ཆེས་བདེ་ལེགས་སྨན་ཁང་གིས་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཞབས་ཞུ་ཧ་ཅང་ཡག་པོ་གནང་བའི་བསྔགས་བརྗོད་ཚད་མཐོ་ཕེབས་སོང་བས། མ་འོངས་ནད་པ་ཉམ་ཐག་ལ་ཞབས་ཕྱི་ཞུ་རྒྱུར་རིག་པ་བསྒྲིམ་དགོས་པ་དང་སེམས་ནང་དགའ་སྤོབས་ཞུ་མ་ཤེས་པ་ཞིག་བྱུང་བ་འགྲེལ་བརྗོད་གནང་གི་འདུག

མཇལ་ཁ་འདི་ལ་བདེ་ལེགས་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ། ལས་བྱེད་དང་དང་བླངས་རྒན་པ་སོགས་མགོ་ལས་དྲུག་ཅུ་ལྷག་བཅར་ཡོད་ཅིང་། བདེ་ལེགས་སྨན་ཁང་གི་སྨན་ཞབས་རྒན་པ་བསྟན་འཛིན་ཆོས་སྐྱིད་ལགས་ནས། ༧གོང་ས་མཆོག་གིས་ང་ཚོ་མི་རེ་ངོ་རེ་ལ་མཇལ་ཁ་སྩལ་བ་དེས་ཚོར་བ་གཞན་དང་མི་འདྲ་བ་དང་། ལས་ཀ་བྱས་པ་ལས་ཀྱང་བྱ་རྒྱུ་མང་པོ་བསྡད་ཡོད་པར་བརྟེན། འབྱུང་འགྱུར་ཀྱང་རང་ངོས་ནས་ཞབས་ཞུ་མང་དུ་བསྒྲུབ་རྒྱུའི་རེ་འདོད་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་ཆགས་ཡུལ་རྡ་རམ་ས་ལར། བཙན་བྱོལ་བོད་མི་རང་གིས་བཙུགས་པའི་ཕྱི་ལུགས་སྨན་ཁང་གཅིག་པུ་བདེ་ལེགས་སྨན་ཁང་ནི། ༧རྒྱལ་བའི་བཀའ་དགོངས་ལམ་སྟོན་ཇི་བཞིན་སྤྱི་ལོ་༡༩༧༡ལོར་རྒྱལ་རྩེ་ཚེ་དབང་རིན་ཆེན་ལགས་ཀྱིས་སྐུ་ལས་བསྐྱོན་ཏེ་དབུ་བཙུགས་པ་ཞིག་དང་། སྨན་ཁང་འདི་ནས་ནད་རིགས་སྤྱི་དང་ཁྱད་པར་གློ་གཅོང་TBནད་པ་ཧ་ཅང་མང་པོར་སྨན་བཅོས་རོགས་ཕན་གནང་ཐུབ་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎