བོད་ཀྱི་རིག་གཞུང་དང་ལོ་རྒྱུས་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་སྐོར།

༸གོང་ས་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་པའི་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱང་བ།

2009.11.22

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་པའི་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་སྐོར་གྱི་ཉིན་མཐའ་མའི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱང་གནང་ཡོད་པ་རེད།

ཟླ་བ་འདིའི་ཕྱི་ཚེས་བཅུ་དགུ་ནས་ཉི་ཤུ་གཅིག་བར་ཉིན་གྲངས་གསུམ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གཙུག་ལག་སློབ་གྲྭའི་ནང་དུ་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་སྐོར་ལ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བ་དང། གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ལྷན་ཚོགས་མཐའ་མའི་ཉིན་གསུང་བཤད་གནང་བར་ཆིབས་བསྒྱུར་བསྐྱང་གནང་སྟེ། ལྡི་ལི་གཙུག་ལག་སློབ་གྲྭས་ངོས་ལ་ཆེ་བསྟོད་ཀྱི་མཁས་དབང་གི་མཚན་གནས་གནང་ཡོད་ཀྱང། དོན་ངོ་མར་བྱས་ན་ངོས་ནི་ཁྱེད་ཚོས་མཁས་དབང་གི་མཚན་གནས་གནང་བ་བཞིན་མིང་དོན་མཚུངས་པའི་སློབ་གཉེར་གནང་ཐུབ་ཀྱི་མེད་པ་རེད། གཉིས་ནས་ངོས་ནི་མཁས་དབང་ལེ་ལོ་ཅན་ཞིག་ཡིན་པར་སོང། རང་སྦྱོང་ཡང་གང་ཡང་བྱེད་ཀྱི་མེད་པར་བརྟེན་ངོས་ནི་མཚན་གནས་ཆེན་པོ་ཞིག་དང་མི་མཐུན་པའི་བེད་སྤྱོད་མེད་པའི་མཁས་དབང་ཞིག་ཡིན་ཞེས་ཞལ་ཤོབ་དང་སྦྲགས་གསུང་ཡོད་པ་རེད། ད་རེས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་སྐོར་གྱི་བགྲོ་གླེང་ལྷན་ཚོགས་དེ་ནིལྡི་ལི་གཙུག་ལག་སློབ་གྲྭ་དང་ལྦ་ན་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གཉིས་བཟུང་འབྲེལ་གྱིས་གོ་སྒྲིག་གནང་བ་ཞིག་དང། ལྷན་ཚོགས་དེའི་དམིགས་ཡུལ་ནིདམག་འཐབ་དང་འཁྲུག་རྩོད་ཀྱི་ཡུལ་གྲུའི་ནང་དུ་གནས་བཞིན་པའི་མི་དམངས་ཚོའི་ཉིན་རེའི་འཚོ་བའི་ནང་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་འཚོ་གནས་ཇི་ལྟར་བྱ་ཐབས་ཀྱི་ཐབས་ལམ་འཚོལ་གྲུབ་དང། མི་དམངས་དེ་དག་གིས་རྒྱ་གར་གྱི་མེས་པོ་དམ་པ་མཱ་ཧཏ་མ་གྷན་རྡི་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་ཇི་ལྟར་ལག་བསྟར་བྱ་རྒྱུ་དང་དེ་གདོང་ལེན་བྱ་ཐབས་སྐོར་ལ་བགྲོ་གླེང་གནང་སྟེ། ཁྱོན་ལྷན་ཚོགས་དེའི་ནང་དུ་འཛམ་གླིང་གི་ས་ཕྱོགས་མི་འདྲ་བ་ནས་མཁས་དབང་བཞི་བཅུ་ལྷག་མཉམ་ཞུགས་གནང་ཡོད་པ་མ་ཟད།  སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ཉི་ཤུ་གཅིག་ཉིན་མཐའ་མའི་ལྷན་ཚོགས་སུ་ཉིན་གང་ཚོགས་མགོན་དུ་ཆིབས་བསྒྱུར་གནང་ཡོད་པ་རེད། དེ་རྗེས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་བཞི་ནས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུང་ཆོས་བཀྲིན་སྩལ་གནང་རྒྱུ་ཡིན་ཞིང། ར་ཤི་ཡའི་དད་ལྡན་མི་དམངས་ཀྱི་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཕྱི་ཚེས་ཉི་ཤུ་བཞི་རེས་གཟའ་མིག་དམར་ཉིན་བྱང་ཆུབ་ལམ་སྒྲོལ་དང། ཕྱི་ཚེས་ཉི་ཤུ་ལྔ་ཉིན་ལྷ་བཅུ་གསུམ་འཇིགས་བྱེད་བཀའ་དབང་གསུང་ཆོས་བཀའ་དྲིན་སྩལ་གནང་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎