༸གོང་ས་མཆོག་ནས་ཉི་ཧོང་སློབ་མ་ཚོར་བཀའ་སློབ།

༸གོང་ས་མཆོག་ནས་སློབ་མ་ཚོར་དེང་རབས་ཀྱི་འཛམ་གླིང་དེའི་ནང་ཞི་བདེ་དང་གྲོས་མོལ་གྱི་འགྲོ་ལམ་ཐོག་བསྐྱོད་དགོས་པའི་བཀའ་སློབ།

2010.06.25

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རེས་གཟའ་ཕུར་བའི་ཉིན་ཉི་ཧོང་གི་དབུས་མཚོ་ཁའི་གྲོང་ཁྱེར་ཡོ་ཀོ་ཧ་མ་ནང་གི་བཞུགས་གནས་མགྲོན་ཁང་དུ་ཤེས་ལྡན་པ་དང་གཙུག་ལག་སློབ་མ་ཚོར་དེང་རབས་ཀྱི་འཛམ་གླིང་དེའི་ནང་ཞི་བདེ་དང་གྲོས་མོལ་གྱི་འགྲོ་ལམ་ཐོག་བསྐྱོད་དགོས་པའི་བཀའ་སློབ་གནང་ཡོད་པ་རེད།

དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དེང་རབས་ཀྱི་འཛམ་གླིང་དེའི་ནང་དུ་འཚོ་གནས་བྱེད་བཞིན་པའི་འགྲོ་བ་མིའི་རིགས་ཀྱིས་ཞི་བདེ་དང། གྲོས་མོལ་། འཁོར་ཡུག་སྲུང་སྐྱོབ་གནད་དོན། ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེའི་རིན་ཐང་འཕེལ་ཐབས་སོགས་ཀྱི་ཐོག་ནས་ཉིན་རེའི་འཚོ་བའི་ནང་གི་དཀའ་ངལ་རྣམས་སེལ་ཐབས་བྱ་དགོས་པ་དང༌། དཀའ་ངལ་ནི་གང་སར་ཡོད་པ་ཡིན་ཞིང༌། འོན་ཀྱང་ཕྱོགས་ཡོངས་ནས་བལྟས་ཚེ་ང་ཚོའི་འཛམ་གླིང་དེ་རིམ་པས་ཡར་རྒྱས་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་རེད། མི་ཚོས་ཞི་བདེ་དང༌། གྲོས་མོལ། ཁོར་ཡུག་སྲུང་སྐྱོབ་ཐོག་ལ་བསམ་བློ་གཏོང་གི་ཡོད་པ་མ་ཟད། ཁོང་ཚོས་ཕྱིའི་དངོས་པོའི་ཡར་རྒྱས་ཁོ་ནས་ནང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་སྐྲུན་ཐུབ་ཀྱི་མེད་པ་ངོས་འཛིན་ཐུབ་བཞིན་ཡོད་པར་བརྟེན་ནས་ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེའི་རིན་ཐང་དང༌།བཟང་སྤྱོད་གོང་འཕེལ་གཏོང་ཐབས་ཐད་འབད་བརྩོན་བྱེད་བཞིན་ཡོད་པ་རེད་ཅེས་བཀའ་གནང་ཡོད་པ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཕྱི་ཚེས་༢༤ཉིན་གུང་རྒྱབ་ཏུ་ཉི་ཧོང་གི་གཙུག་ལག་སློབ་གྲའི་སློབ་ཕྲུག་དང། གྲོང་ཁྱེར་ཡོ་ཀོ་ཧ་མ་ནང་གི་ཤེས་ལྡན་མི་སྣ་བརྒྱ་ཙམ་འདུ་འཛོམས་ཐོག་ལ་བཀའ་སློབ་གནང་བ་དང། ཐོག་མར་སློབ་ཕྲུག་ཚོར་འཚམས་འདྲི་གནང་ཞིང༌། དེ་རྗེས་དུས་རབས་༢༡པ་ནི་ན་གཞོན་ཚོས་ལོངས་སུ་སྤྱོད་པའི་དུས་རབས་ཤིག་ཡིན་པར་བརྟེན་ནས་ད་རེས་སློབ་ཕྲུག་གཞོན་སྐྱེས་དང་ཐུག་འཕྲད་བྱུང་བ་ཐུགས་སྤྲོ་སྣང་ཆེན་པོ་བྱུང་བ་བཀའ་གནང་མ་ཟད། འཛམ་གླིང་ཞི་བདེ་དང་ད་ལྟའི་གནས་སྟངས་སྐོར་བཀའ་སློབ་གནང་བའི་སྐབས། ཨ་མི་རི་ཀ་དང་ར་ཤི་ཡ་གཉིས་ཀྱིས་རྡུལ་ཕྲན་གོ་མཚོན་ཉུང་དུ་གཏོང་རྒྱུའི་མོས་མཐུན་བྱུང་བའི་གནས་ཚུལ་དེ་ནི་ཧ་ཅང་གི་བཟང་ཕྱོགས་ཀྱི་རྟགས་མཚན་ཡིན་པ་དང༌། ༧གོང་ས་མཆོག་གི་སྐུ་ཚེའི་ནང་དུའང་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མི་འདྲ་བའི་བར་འཆམ་མཐུན་ཡོང་ཐབས་ཀྱི་ཐོག་ལ་ཕྱག་ལས་འབད་བརྩོན་གནང་གི་ཡོད་པའི་སྐོར་བཀའ་གནང་ཡོད་པ་རེད།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎