ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་རྒྱ་ནག་ལ་སྐྱོན་འཛུགས།

རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཀྱི་བཟོ་ལས་རིག་སྩལ་རྣམས་ཁྲིམས་མཐུན་དང༌ཁྲིམས་མཐུན་མིན་པའི་ཐོག་ནས་བེད་སྤྱོད་གཏོང་གི་ཡོད་ལུགས།

2012.05.19

༄༅༎རྒྱ་ནག་གཞུང་གིས་ ཡུལ་དེའི་དྲག་པོའི་སྟོབས་ཤུགས་ཡར་རྒྱས་གཏང་རྒྱུའི་ཆེད། ཕྱི་ཕྱོགས་ཀྱི་བཟོ་ལས་རིག་སྩལ་རྣམས་ཁྲིམས་མཐུན་དང༌ཁྲིམས་མཐུན་མིན་པའི་ཐོག་ནས་བེད་སྤྱོད་གཏོང་གི་ཡོད་ལུགས། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་སྐྱོན་འཛུགས་བྱས་འདུག

པྱི་ཚེས་ ༡༨ ཉིན་རྒྱ་ནག་གི་དམག་དོན་ལས་གཞི་དང་འབྲེལ་བའི་སྐོར། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་གྲོས་ཚོགས་ལ་སྙན་ཐོ་ཞིག་འབུལ་ལམ་ཞུས་པའི་ནང༌། རྒྱ་ནག་གཞུང་གིས་ཡུལ་དེའི་དྲག་པོའི་ལས་དོན་ཆེད་འགྲོ་སོང་གཏོང་རྒྱུར། འདི་ལོའི་སྔོན་རྩིས་ནང༌ཁྱོན་སྡོམ་ཨ་རིའི་ཌོ་ལར་ཐེར་འབུམ་བརྒྱ་དང་དྲུག་ཟུར་བཅད་བྱས་ཡོད་པའི་གསལ་བསྒྲགས་བྱས་ཡོད་ནའང༌།  རྒྱ་ནག་གཞུང་གིས་དམག་དོན་གྱི་འགྲོ་སོང་ངོ་མ་ཕྱི་བསྒྲགས་བྱེད་སྲོལ་མེད་སྟབས། དོན་དངོས་སུ་འདི་ལོའི་དམག་དོན་འགྲོ་སོང་ཆེད་ ཨ་རིའི་ཌོ་ལར་ཐེར་འབུམ་བརྒྱ་དང་བརྒྱད་ཅུ་ཙམ་བཞག་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང༌།

རྒྱ་ནག་གཞུང་གིས་ ཡུལ་དེའི་དྲག་པོའི་སྟོབས་ཤུགས་ཡར་རྒྱས་གཏོང་ཆེད། མཚམས་རེ་ཁྲིམས་མཐུན་གྱི་ཐོག་ནས་བཟོ་ལས་རིག་སྩལ་ཉོ་སྒྲུབ་བྱས་པ་དང༌། སྐབས་དེར་རྒྱ་ནག་དང་ཚོང་འབྲེལ་ཡོད་པའི་ཁེ་གཉེར་ལས་ཁང་གི་རིག་སྩལ་རྐུ་མ་བརྒྱབ་པ། མཚམས་རེ་ཞི་བའི་ལས་དོན་ཆེད་བེད་སྤྱོད་བྱེད་པའི་རིག་སྩལ་རྣམས་ཁ་བསྒྱུར་གྱིས་དྲག་པོའི་ལས་དོན་ཆེད་བེད་སྤྱོད་བཏང་སྟེ། ད་ལྟའི་ཆར་རྒྱ་ནག་ནི། འཛམ་གླིང་ཁྱོན་ཡོངས་ནས་ ཕྱིའི་རྒྱལ་ཁབ་ཀྱི་གཞུང་དང་ཁེ་གཉེར་ལས་ཁང་ཁག་གི་གནས་འཕྲིན་དྲ་རྒྱའི་གསང་གནས་རྐུ་འཁྱེར་ཤུགས་ཆེ་ཤོས་བྱེད་མཁན་དེ་ཆགས་ཀྱི་ཡོད་སྐོར། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་གྲོས་ཚོགས་ལ་ཕུལ་བའི་སྙན་ཐོ་དེའི་ནང་ བཀོད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎