༸གོང་ས་མཆོག་ནས་ཤེས་རབ་སྙིང་པོའི་བཀའ་ཆོས་བསྩལ་བ།

༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཐད་རླབས་ཆེན་གྱི་མཛད་རྗེས་ལ་ངོས་འཛིན་བསྔགས་བརྗོད་མཚོན་ཆེད་གཟེངས་རྟགས།

2012.05.19

༄༅༎༸གོང་ས་མཆོག་ནས་ པྱི་ཚེས་ ༡༩ ཉིན་ཨའོསི་ཊི་རི་ཡའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཀེལེ་གེན་ཕཏ་ཚོགས་ཁང་ཆེན་མོའི་ནང་། ཤེས་རབ་སྙིང་པོ་དང་བྱང་ཆུབ་ལམ་སྒྲོན། དབུ་མའི་ལྟ་ཁྲིད་བཅས་ཀྱི་བཀའ་ཆོས་གནང་བཞིན་ཡོད་པ་དང༌། ཕྱི་ཚེས་༡༨་ཉིན་ ཁ་རིན་ཐི་ཡ་མངའ་སྡེའི་སྤྱི་ཁྱབ་གཙོ་འཛིན་དང༌། གྲོང་སྡེ་སྤྱི་ཁྱབ་བཅས་ནས་ཕེབས་བསུ་གཟབ་རྒྱས་འོག། ༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཐད་རླབས་ཆེན་གྱི་མཛད་རྗེས་ལ་ངོས་འཛིན་བསྔགས་བརྗོད་མཚོན་ཆེད། ཀལ་གེན་ཕཌ་གྲོང་ཁྱེར་གྱི་གསེར་གྱི་གཟེངས་རྟགས་ཕུལ་བའི་མཛད་སྒོ་ཞིག་ཀྱང་ཚོགས་ཡོད་འདུག

སྐབས་དེར་གོང་ས་མཆོག་གིས། ང་ཚོ་ཚང་མ་བདེ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་འགྲོ་བ་མི་གཅིག་གྱུར་ཞིག་ཆགས་ཡོད་ཀྱང༌། གལ་ཏེ་ངོས་ཀྱིས་ངོས་རང་ཨེ་ཤི་ཡའི་མི་རིགས་ཤིག་དང་བོད་པ་ཞིག་ཡིན་བསམ་པ་དང། ཡང་ན་ནང་པ་ཞིག་ཡིན་བསམ་པའི་བསམ་བློ་ཁོར་མ་ཐག་ང་ཚོའི་བར་བར་ཐག་ཆགས་རྒྱུ་ཡིན་ཞེས་སོགས་ཀྱི་བཀའ་སློབ་བསྩལ་ཡོད་པ་རེད།

དེ་ནས་ཉིན་གུང་ ཁེ་རིན་ཐི་ཡ་ས་ཁུལ་གྱི་སྤྱི་ཁྱབ་གཙོ་འཛིན་པ་མཆོག་དང་ལྷན་༸གོང་ས་མཆོག་གིས་གསར་འགོད་པ་ཁག་གཅིག་གི་དྲི་བར་བཀའ་ལན་མཛད་ཡོད་པ་དང༌།

སྐབས་དེར་༸གོང་ས་མཆོག་གིས་གཙོ་བོ་དངུལ་དང་དཔལ་འབྱོར་རྐྱང་པས་ནང་གི་བདེ་སྐྱིད་བསྐྲུན་མ་ཐུབ་པར་བརྟེན་ནང་གི་བདེ་སྐྱིད་ངོ་མ་བསྐྲུན་རྒྱུར་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་འགྲོ་བ་མིའི་ནང་གི་རིན་ཐང་གོང་མཐོར་གཏོང་དགོས་སྐོར་དང། ཆོས་ལུགས་མཐུན་སྒྲིལ་གལ་ཆེ་ཚུལ་སྐོར། མང་གཙོའི་རིང་ལུགས་ཀྱི་སྤྱི་ཚོགས་ནང་གསར་འགོད་པ་ཚོར་དྲང་བདེན་དང་ཕྱོགས་ལྷུང་སྤང་པའི་ལམ་ནས་གནས་ཚུལ་ཕྱི་གསལ་ནང་གསལ་གང་ཐུབ་བྱ་རྒྱུ་དེ་ནི་མང་གཙོའི་སྤྱི་ཚོགས་ཀྱི་སྲོག་རྩ་ལྟ་བུ་ཡིན་སྐོར་སོགས་བཀའ་སློབ་བསྩལ་བ་དང༌། དེ་རྗེས་མགྲོན་ཁང་དུ་ས་གནས་ཡི་ཤུའི་ཆོས་ཚོགས་ཀྱི་དབུ་ཁྲིད་ཁག་གཅིག་དང་ཨོ་སི་ཊི་རི་ཡ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་བཅས་ལ་མཇལ་ཁ་བསྩལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎