བཀའ་ཁྲི་མཆོག་བཀྲིས་ལྗོངས་བོད་མིའི་གཞིས་ཆགས་སུ་ཕེབས་པ།

བཀའ་བློན་ཁྲི་པ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཉེ་ཁྲིས་སུ་ཡོད་པའི་བཀྲིས་ལྗོངས་བོད་མིའི་གཞིས་གར་དུ་གཟིགས་ཞིབ་ཏུ་ཕེབས་པ།

2012.05.19

༄༅༎བཀའ་བློན་ཁྲི་པ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཉེ་ཁྲིས་སུ་ཡོད་པའི་བཀྲིས་ལྗོངས་བོད་མིའི་གཞིས་གར་དུ་གཟིགས་ཞིབ་ཏུ་ཕེབས་ནས། དེར་ཡོད་པའི་གཞིས་ཆགས་བོད་མི་ཚོར་གསུང་བཤད་གནང་འདུག

བཀའ་ཁྲི་མཆོག་ནས། མི་རབས་རྒན་གྲས་ཚོས་སྐུ་ལས་སྐྱོན་པའི་འབྲས་བུར་ད་ལྟའི་གཞིས་ཆགས་ཀྱི་གནས་སྟངས་དེ་བྱུང་ལུགས་དང་འབྲེལ།  བཀའ་ཤག་གིས་གལ་འགངས་ཆེ་བའི་ལས་དོན་སྙིང་པོ་གསུམ་གཞིར་བཟུང་ལས་དོན་ཁག་སྤེལ་གནང་གི་ཡོད་པའི་སྐོར་གསུངས་ཡོད་པ་དང༌། དེ་བཞིན་གཞིས་ཆགས་ཀྱི་བོད་མི་ཚོར་ཤེས་ཡོན་ཐོག་དོ་སྣང་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་དང༌། གཞིས་ཆགས་ནང་རང་ཉིད་ཀྱི་བུ་ཕྲུག་ཚོའི་ཤེས་ཡོན་གནས་སྟངས་ཐོག་དོ་སྣང་དང་ཐུགས་ཁུར་གནང་རྒྱུ་དེ་ཡང་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་པའི་སྐོར་གསུངས་འདུག

དེ་དང་དུས་མཚུངས་ནང་སྲིད་བཀའ་བློན་མཆོག །ཕྱི་ཚེས་༡༨ཉིན་རྒྱ་གར་ཧེ་མ་ཅ་མངའ་སྡེ་ཀང་ར་རྫོང་གི་འགྲེམ་སྟོན་ཁང་གི་ནང་།  རྒྱ་གར་གནའ་དངོས་ཤུལ་རྫས་དཔྱད་རིག་རྟོགས་ཞིབ་ཚོགས་པ་བཙུགས་ཏེ་ལོ་བརྒྱ་དང་ལྔ་བཅུ་འཁོར་བའི་དུས་ཚིག་སྲུང་བརྩི་ཞུ་སྐབས་སྐུ་མགྲོན་དུ་མགྲོན་འབོད་གནང་ཡོད་པ་དང༌། སྐབས་དེར་ནང་སྲིད་བཀའ་བློན་མཆོག་ནས་འགྲེམས་སྟོན་དབུ་འབྱེད་དང་སྦྲགས། སྟོན་པའི་ཞལ་ཐང་༸གོང་ས་མཆོག་གིས་མཚན་རྟགས་འགོད་པ་ཞིག་འབུལ་གནང་མཛད་པར། འགྲེམ་སྟོན་ཁང་དེའི་ཚོགས་གཙོ་མཆོག་གིས་ཞལ་ཐང་དེ་མངའ་སྡེའི་འགྲེམས་སྟོན་ཁང་གི་ཅ་དངོས་རིན་ཐང་ཅན་ཞིག་ཏུ་བརྩི་སྟེ་འགྲེམས་སྟོན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎