སྤྱི་འཐུས་ཚོགས་གཞོན་ནས་གཞུང་འབྲེལ་ཕྱོགས་སྐྱོད་ལེགས་གྲུབ།
2012.05.19
༄༅༎སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་གཞུང་འབྲེལ་ཕྱོགས་སྐྱོད་གནང་ནས། ཕྱི་ཟླ་ ༥ ཚེས་ ༡༨ ཉིན་རྡ་སར་ཕྱིར་ཕེབས་འབྱོར་གནང་ཡོད་པ་རེད།
སྤྱི་འཐུས་ཚོགས་གཞོན་མཆོག་ ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ པར་ཕེབས་པ་དང། དེ་རྗེས་ཕྱི་ཚེས་ ༢༩ དགོང་མོ་ཨོ་ཊ་ཝ་དཔལ་ཡུལ་ཆོས་ཚོགས་ནང༌། ཕྱི་རྒྱལ་བ་དང་བོད་རིགས་ཁག་གཅིག་ལ་ཚོགས་ཆེན་གྱི་ནང་དོན་རྣམས་ངོ་སྤྲོད་དང་བོད་ཀྱི་གནས་སྟངས་སྐོར་འགྲེལ་བཤད་གནང་འདུག
དེ་ནས་ཕྱི་ཟླ་ ༥ ཚེས་༡ ནས་ཨ་རིའི་མངའ་སྡེ་ཊེ་ནེ་སི་ཡི་གྲོང་ཁྱེར་སྤྱི་ཁྱབ་མཆོག་དང་ཐུག་འཕྲད་གནང་སྟེ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་སྙན་གསན་ཞུས་པ་དང༌། ད་དུང་ཁུལ་དེར་ཡོད་པའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང༌། རྫོང་གི་འགན་འཛིན་སོགས་དང་ལཇལ་འཕྲད་ཞུས་ཏེ་ཨ་རིའི་གཞུང་དང། གྲོས་ཚོགས། མི་མང་བཅས་ནས་བོད་ཀྱི་གནད་དོན་ཐད་ཐུགས་སྣང་ཆེན་པོ་དང་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང། བོད་ནང་གི་གནས་སྟངས་སྐོར་དང་རང་ལུས་མེར་བསྲེགས་བཏང་བ་ཁག་གི་ཞལ་ཆེམས་དང་སྐད་འབོད་སོགས་ཀྱི་སྐོར་འགྲེལ་བཤད་གནང་ཡོད་འདུག།