བཀའ་ཁྲི་གསར་པའི་ཤེས་རིག་སྲིད་ཇུས་ལ་བསྔགས་བརྗོད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བློན་ཁྲི་པ་གསར་པ་བློ་བཟང་སེངྒེ་མཆོག་གི་ཤེས་རིག་སྲིད་བྱུས་བསྔགས་བརྗོད་གནང་འདུག

2011.08.15

༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བློན་ཁྲི་པ་གསར་པ་བློ་བཟང་སེངྒེ་མཆོག་གི་ཤེས་རིག་སྲིད་བྱུས་བསྔགས་བརྗོད་གནང་འདུག

༧གོང་ས་མཆོག་གིས་ཕེ་རེན་སིའི་བརྙན་འཕྲིན་ལས་ཁང་ཁག་ཅིག་ལ་གསུང་ཆོས་ཀྱི་བར་སེང་ལ་མཇལ་འཕྲད་གནང་སྐབས་བཀའ་བློན་ཁྲི་པ་གསར་པ་བློ་བཟང་སེངྒ་ལགས་ཀྱིས་བོད་མིའི་སྤྱི་ཚོགས་ཀྱི་ཁེ་ཕན་ཆེད་ཇི་བྱུས་སྤྱི་དང་ལྷག་དོན་དུ་འབྱུང་འགྱུར་སུ་བཙན་བྱོལ་ནང་ན་གཞོན་ཁྲི་གཅིག་ཙམ་ལ་ཁྱད་ལས་པའི་སློབ་སྦྱོང་སྤྲོད་རྒྱུ་མཚོན་པའི་ཤེས་རིག་གི་སྲིད་བྱུས་ལ་བསྔགས་བརྗོད་གནང་འདུག བཀའ་བློན་གསར་པའི་དམ་འབུལ་མཛད་སྒོའི་གསུང་བཤད་ནང་བཀའ་ཁྲི་གསར་པས་ལོ་ཉི་ཤུའི་ནང་ཚུད་བཙན་བྱོད་བོད་མི་འབུམ་གཅིག་ཙམ་ཡོད་པ་ནས་ཁྱད་ལས་ཁྲི་གཅིག་དང་བོད་ནང་ཁྱད་ལས་པ་འབུམ་གཅིག་གཏོང་ཐུབ་པའི་ཐུགས་རེ་གནང་ཡོད་འདུག བཀའ་བློན་ཁྲི་པ་གསར་པས་འཛིན་སྐྱོང་གནང་ཕྱོགས་ཐད་ད་ལྟ་ནས་འགྱུར་བ་གཟིགས་ཡོད་མེད་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས་ད་ལྟ་སྔ་དྲག་པ་རེད་ཅེས་བཀའ་ལན་གནང་བ་དང་སྦྲགས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་རང་འཇགས་གནས་ཀྱི་རེད། ང་ཚོ་གྲོས་མོལ་བྱ་རྒྱུར་གྲ་སྒྲིག་ཡོད་ཅེས་གསུངས་གནང་འདུག དུས་ཡུན་རིང་པོར་མ་སོང་བར་ཆབ་སྲིད་ཀྱི་གོམ་བགྲོད་གསར་པ་ལག་ལེན་བསྟར་རྒྱུའི་དགོངས་བཞེས་ཡོད་མེད་བཀའ་འདྲི་ཞུས་པར་ ༧གོང་ས་མཆོག་གིས་དེ་ཤེས་ཀྱི་མེད། རྒྱ་ནག་ལ་རག་ལུས་པ་རེད། བོད་ཀྱི་དཀའ་རྙོག་ཡོད་པ་དེ་འཛམ་གླིང་ནང་ཡོངས་གྲགས་རེད། རྒྱ་ནག་གི་འགོ་ཁྲིད་ཚོས་དེ་ངོས་ལེན་བྱེད་ཐུབ་ཀྱི་མེད་པ་རེད། བོད་ནང་ཙམ་མ་ཡིན་པར་གྲངས་ཉུང་མི་རིགས་ས་ཁུལ་ཚང་མའི་ནང་རྒྱ་གཞུང་ལ་མི་འདོད་པ་སྤྱི་མཚུངས་རེད་ཅེས་གསུངས་གནང་འདུག ༧གོང་ས་མཆོག་ཕེ་རེན་སིའི་གྲོང་ཁྱེར་ཏོ་ལུ་སེ་ནང་འདི་ཚེས་༡༣ནས་༡༤བར་ཉིན་གཉིས་རིང་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་མའི་གསུང་ཆོས་དང་ འདི་ཚེས་༡༥ཉིན་མང་ཚོགས་ལ་ནང་སེམས་ཀྱི་བདེ་སྐྱིད་ཀྱི་རྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎