ཧི་མ་ལ་ཡའི་རི་རྒྱུད་མི་དམངས་ནས་སྐུའི་འཁྲུངས་སྐར་སྲུང་བརྩི།

ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་ཀྱི་རྒྱབ་སྐྱོར་གནང་མཁན་མི་དམངས་༢༠༠ཙམ་༸གོང་ས་མཆོག་མཇལ་ཁ་ཞུ་རྒྱུ་དང་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག

2008.07.06

༄༅༎ཟླ་བ་འདིའི་ཕྱི་ཚེས་ ༦ ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་ཀྱི་རྒྱབ་སྐྱོར་གནང་མཁན་མི་དམངས་༢༠༠ ཙམ་བཞུགས་སྒར་དུ་འདུ་འཛོམས་བྱས་ནས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུ་དང་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།

ཉེ་ཆར་ཕྱི་ཚེས་ ༣ ཉིན་དེ་སྔ་ཕྱི་ལོ་༡༩༡༤ ལོར་རྒྱ་གར་གྱི་ས་གནས་སིམ་ལའི་ནང་དབྱིན་ཇི་དང་རྒྱ་གར་བོད་བཅས་བར་སིམ་ལའི་ཆིངས་ཡིག་ཅེས་པ་བཞག་ཏེ་མི་ལོ་༩༤འཁོར་བའི་ཉིན་མོར་ཧི་མ་ལ་ཡའི་རི་རྒྱུད་བོད་དོན་རྒྱབ་སྐྱོར་གནང་མཁན་མི་དམངས་བཞི་བརྒྱ་ལྷག་སིམ་ལར་འདུ་འཛོམས་བྱས་ནས་སིམ་ལའི་ཆིངས་ཡིག་བཞག་པའི་ལོ་འཁོར་ཉིན་མོ་དྲན་གསོ་གནང་བའི་རྗེས་ཚོགས་མི་བཞི་རྒྱའི་ནང་ནས་སྐུ་ཚབ་ཉེས་བརྒྱ་ཙམ་ཞིག་མུ་མཐུད་བཞུགས་སྒར་དུ་བཅར་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དུ་མཉམ་ཞུགས་གནང་བ་མ་ཟད། འབྲེལ་ཡོད་ཚོགས་པ་ཁག་གི་འགན་འཁུར་བ་སོ་སོའི་ཐོག་ནས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་ཀྱང་གནང་ཡོད་པ་རེད།

དེའི་ནང་ནས་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ པེརེམ་ཀུ་མའར་རྡུ་མལ་ མཆོག་གི་གསུང་བཤད་ནང་། བོད་ནང་ཞི་བདེ་ཡོང་བ་ཡིན་ཚེ་དེ་ནི་རྒྱ་གར་ནང་ཞི་བདེ་དང་བརྟན་ལྷིང་སྐྲུན་ཐུབ་རྒྱུ་ཡིན་པའི་སྐོར་གསུངས་ཡོད་པ་དང་ ད་རེས་བཞུགས་སྒར་དུ་ཕེབས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་སྐུ་ཚབ་རྒྱ་གར་མངའ་འོག་ཏུ་ཡོད་པའི་ལ་དྭགས་ས་ཁུལ་དང་འབྲས་ལྗོངས། ཨ་སམ་ ཨ་རུ་ན་ཅལ་པར་རྡེཤ་ ཨུ་ཏར་ཀན་ དང་། ཀི་ནོར་ ལ་ཧོལ་སིཔི་ཏི་ སོགས་ནས་ཕེབས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎