ཨ་རིའི་ཕྱི་སྲིད་དྲུང་ཆེ་ཀམ་སྦོ་དྲི་ཡར་འཚམས་གཟིགས་སུ་ཕེབས།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཀམ་སྦོ་དྲི་ཡར་ཕེབས་སྐབས་ཡུལ་དེས་རྒྱ་ནག་ལ་ཤུགས་ཆེ་རྟེན་དྲག་ན་ཡག་པོ་མེད་པའི་གཏམ་བཤད་གནང་ཡོད་པ་རེད།

2010.11.01

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་ཀམ་སྦོ་དྲི་ཡའི་ནང་རྒྱལ་དོན་ཚམས་གཟིགས་སུ་ཕེབས་སྐབས་ཡུལ་དེས་རྒྱ་ནག་ལ་ཤུགས་ཆེ་རྟེན་དྲག་ན་ཡག་པོ་མེད་པའི་གཏམ་བཤད་གནང་ཡོད་པ་རེད

ལྕམ་ཀི་ལིན་ཀྲེན་ལ་ཀམ་སྦོ་དྲི་ཡའི་ན་གཞོན་ཁག་ཅིག་གིས་དེང་སྐབས་ཀམ་སྦོ་དྲི་ཡའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཡོད་པ་དེའི་སྐོར་འདྲི་བ་ཞུས་སྐབས་ཁོང་གིས་ཡུལ་གཞན་ལ་རྟེན་རྒྱུ་དེར་ཕྱོགས་ལྷུང་ཤུགས་ཆེ་མེད་པ་དང་རྒྱལ་ཁབ་གང་ཞིག་ལ་རྟེན་ཤུགས་ཆེ་དྲག་ན་ཡག་པོ་མེད་སྐོར་ལན་འདེབས་གནང་ཡོད་པ་རེདཀམ་སྦོ་དྲི་ཡའི་ཡུལ་ནང་རྒྱ་ནག་གིས་དངུལ་གྲོ་ལར་འཐེར་འབུམ་མང་པོ་མ་གནས་ཀྱི་བཟོ་ལས་ཚན་པ་༤༠༠སྐོར་ཞིག་གིས་ཡུལ་དེའི་ནང་ཆུ་གློག་བཟོ་འདོན་ཆུ་རག་དང་རྡོ་སོལ་གྱི་བཟོ་གྲ་སོགས་ལས་འཆར་དུ་མ་ཞིག་བཀོད་སྒྲིག་བྱས་ཡོད་པ་རེདཡང་ལྕམ་ཀི་ལིན་ཀྲེན་མཆོིག་གིས་ཀམ་སྦོ་དྲི་ཡས་རྒྱ་ནག་དང་འབྲེལ་ལམ་ཡག་པོ་གཉེར་རྒྱུ་དེར་རྒྱུ་མཚན་མང་པོ་ཡོད་པ་རེད་            ཡིན་ནའང་གནད་དོན་གལ་ཆེ་ཁག་ཅིག་ཐོག་རྒྱ་ནག་དང་གླེང་སློང་བྱེད་རྒྱུ་དེ་ཡང་གལ་འགང་ཆེན་པོ་ཆགས་ཡོད་པ་རེད་བསམ་གྱི་འདུག་ཅེས་གསུང་འདུག 

སྔ་ལོ་རྒྱ་ནག་གིས་ཀམ་སྦོ་གྲི་ཡ་ལ་ཨ་རིའི་གྲོ་ལར་འཐེར་འབུམ་༡ལྷག་གི་རོགས་དངུལ་དང་དངུལ་བུན་གཡར་མ་གནང་གོང་ཀམ་སྦོ་གྲི་ཡའི་ནང་རྒྱ་ནག་ནས་ཡུ་གུར་མི་རིགས་༢༠ཞིག་སྲིད་དོན་གྱི་སྐྱབས་བཅོལ་ཞུ་བར་འབྱོར་བ་རྣམས་ཡ་ང་སྙིང་རྗེ་གང་ཡང་མེད་པར་རྒྱ་ནག་ལ་ཕྱིར་སློག་བྱས་ཡོད་པ་རེད

རྒྱ་ནག་གིས་གོང་ཞུས་ཀྱི་རོགས་དངུལ་དེ་དང་ཡུ་གུར་བའི་མི་རིགས་རྣམས་རྒྱ་ནག་ལ་ཕྱིར་སློག་བྱེད་རྒྱུའི་གནད་དོན་ཐོག་འབྲེལ་བ་མེད་སྐོར་ཧམ་བཤད་བྱས་ཡོད་པ་རེད་ ཡང་ལྕམ་ཀི་ལིན་ཀྲེན་ཡིས་ཀམ་སྦོ་དྲི་ཡའི་མི་སེར་རྣམས་པར་ཡུལ་དེའི་ནང་རྒྱུགས་པའི་མེ་ཀོང་ཞེས་པའི་བོད་ཀྱི་ཛ་ཆུའི་སྟེང་རྒྱ་ནག་གིས་ཆུ་རག་རྒྱབ་རྒྱུའི་གནད་དོན་དེར་གདོང་ལེན་གནང་དགོས་པའི་སྐོར་ཡང་གླེང་ཡོད་པ་རེདའཛམ་གླིང་གི་འཁོར་ཡུག་ཐོག་ལས་འགུལ་སྤེལ་མཁན་ཚོགས་པ་ཁག་གིས་རྒྱ་ནག་གིས་ཛ་ཆུའི་སྟེང་ཆུ་རག་མང་པོ་ཅིག་རྒྱབ་རྒྱུའི་འཆར་གཞི་དེར་སྐྱོན་བརྗོད་གནང་གི་ཡོད་པ་རེད་ རྒྱ་ནག་ནི་ཕྱི་ལོ་༡༩༧༠ལོ་རབས་ནང་ཀམ་སྦོ་དྲི་ཡའི་ཀེ་མེར་རུཇ་ཞེས་པའི་གཞུང་དེར་རྒྱབ་བསྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཞིག་ཡིན་པ་དང་སྐབས་དེར་ཀེ་མེར་རུཇ་གཞུང་དེས་ཡུལ་མི་ས་ཡ་༢ལྷག་དམར་གསོད་བཏང་ཡོད་པ་རེད

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎