བལ་ཡུལ་དུ་བཟའ་བཅའི་རིན་གོང་ཤུགས་ཆེ་འཕར་བའི་སྐོར།

བལ་ཡུལ་ནང་སྔ་ལོ་ནས་བཟུང་ཡུལ་ཐང་འཕར་ཆ་ཆེ་བའི་དབང་གིས་མའོ་ཤོག་ཁག་གིས་སྣེ་འཁྲིད་པའི་གཞུང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ།

2009.02.05

༄༅༎བལ་ཡུལ་ནང་སྔ་ལོ་ནས་བཟུང་ཡུལ་ཐང་འཕར་ཆ་ཆེ་བའི་དབང་གིས་མའོ་ཤོག་ཁག་གིས་སྣེ་འཁྲིད་པའི་གཞུང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་གནས་ཚུལ་ཐོན་འདུག

སྔ་ལོ་ཕྱི་ཟླ་བཅུ་གཉིས་པའི་ནང་ཡུལ་ཐང་འཕར་ཆ་བརྒྱ་ཆ་བཅུ་བཞི་ལ་སླེབས་པ་མ་ཟད་ཟ་བཅའི་རིན་གོང་བརྒྱ་ཆ་བཅུ་བདུན་ཙམ་འཕར་ཡོད་ལུགས་བལ་ཡུལ་གྱི་དབུས་དངུལ་ཁང་གིས་ཉེ་དུས་སྙན་ཐོ་གསར་པ་སྟོན་ཡོད་འདུག དཔལ་འབྱོར་གྱི་གནས་སྟངས་ཐབས་སྡུག་དེ་འདྲའི་འོག་ཕྱི་ལོ་༢༠༠༦ལོར་མའོ་གྱེན་ལོག་པའི་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་གནས་སྟངས་བཟང་དུ་གཏོང་རྒྱུར་ཁས་ལེན་གང་བྱས་པ་རྣམས་ལག་ལེན་འཁེལ་ཐབས་མེད་པ་མ་ཟད་ད་ཆ་ཉམ་ཐག་ཡུལ་མི་ཁག་ཅིག་གི་འཚོ་རྟེན་ཉིན་རེར་ཨ་རིའི་ཌོ་ལར་གཅིག་ཙམ་ལས་མེ་དཔ་དང་འབྲས་ཀི་ལོ་བཅུ་ལ་ཨ་རིའི་ཌོ་ལར་བཅོ་ལྔ་ཙམ་གནས་ཀྱི་ཡོད་པ་དེས་གཞུང་ལ་དཀའ་རྙོག་ཧ་ཅང་ཆེན་པོ་ཆགས་ཡོད་ལུགས་ཏིརི་སྦུ་ལྦན་གཙུག་ལག་སློབ་གྲྭའི་དཔལ་འབྱོར་སློབ་འཁྲིད་པ་སྦིཤེ་ལྦམ་སྦར་པེཡར་ཀུར་ཡལ་གྱིས་གསུངས་གནང་འདུག དེ་འདྲའི་དཀའ་རྙོག་དུ་མ་ལ་བརྟེན་ནས་བལ་ཡུལ་རྒྱལ་པོའི་རིང་ལུགས་ནས་དམངས་གཙོའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་བའི་རྗེས་སུ་གཞུང་དང་སྲིད་དོན་ཚོགས་པ་ཁག་གིས་མང་ཚོགས་ཀྱི་འཚོ་རྟེན་སོགས་གང་ཅིའི་ཐད་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་པ་རྣམས་དོན་འབྲས་སོན་གྱི་མེ་ད་པ་རེད། ལྷག་དོན་དུ་རྒྱལ་ཁབ་ནང་གློག་ཤུགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་དེ་ད་ཆ་ཉིན་རེར་ཆུ་ཚོད་བཅུ་གཉིས་རིང་གློག་བཏང་གི་མེད་པར་བརྟེན་མང་ཚོགས་ཀྱིས་གཞུང་ལ་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎