བལ་ཡུལ་རྒྱལ་པོའི་ཕོ་བྲང་ནས་གསེར་དངུལ་བང་མཛོད་རྙེད་སོན།
2011.06.28
༄༅༎བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུར་ཡོད་པའི་རྒྱལ་པོའི་ཕོ་བྲང་རྙིང་པ་ཞིག་གསོ་བྱེད་པའི་སྐབས། གསེར་དངུལ་སྦས་པའི་བང་མཛོད་ཆེན་པོ་ཞིག་རྙེད་སོན་བྱུང་ཡོད་པའི་སྐོར་དེརིང་བལ་ཡུལ་གཞུང་གིས་གསུང་ཡོད་པ་རེད།
བལ་ཡུལ་གྱི་རིག་གཞུང་ལྷན་ཁང་གི་མགྲིན་ཚབ་པས་གསུང་ན། བང་མཛོད་དེའི་ནང་གི་གསར་དངུལ་གྱི་རྒྱུ་ནོར་དེ་རྣམས་མི་ལོ་ལྔ་བརྒྱའི་ལོ་རྒྱུས་ལྡན་པ་ཞིག་ཡིན་ཞིང༌། དེ་ནི་དུས་རབ་བཅུ་དྲུག་པའི་སྐབས་ཧ་ནུ་མན་རྡོ་ཀ་ཕོ་བྲང་གི་འོག་ཏུ་སྦས་ཡོད་པ་དང༌། ཕོ་བྲང་དེ་ནི་རྒྱལ་སྤྱིའི་རིག་དངོས་གཅེས་སྐྱོང་གི་གྲས་ཤིག་དང༌། བང་མཛོད་དེའི་ནང་དུ་སྦས་པའི་རིག་དངོས་ནི། གསེར་དངུལ་ལས་བཟོས་པའི་དངུལ་དང༌། རྒྱན་ཆ་དང་མཆོད་པའི་ཡོ་ཆས་ཡིན་པས། རིག་དངོས་དེ་དག་སྦས་སྟངས་ལ་བལྟས་ན། ཕལ་ཆེར་དཀོན་མཆོག་ལ་མཆོད་པ་ཕུལ་བ་ཞིག་ཡིན་པའི་རྣམ་པ་འདུག་ཅེས་གསུང་ཡོད་པ་རེད།
འོན་ཀྱང་བང་མཛོད་དེའི་ནང་ནས་རྙེད་པའི་གསེར་དངུལ་གྱི་རིན་ཐང་ཇི་ཙམ་ཡོད་མེད་ད་ལྟའི་ཆར་གསལ་པོ་མེད་ཅིང༌། འོན་ཀྱང་གོང་གསལ་བལ་པོའི་རིག་གཞུང་ལྷན་ཁང་གི་མགྲིན་ཚབ་པ་ཁོང་གིས། ཕལ་ཆེར་ཀི་ལོ་༣༠༠ ཙམ་གྱི་དངོས་པོ་ཡོད་པའི་ཚོད་དཔགས་གནང་ཡོད་པ་དང༌། ད་དུང་ཡང་ཕོ་བྲང་ཞིག་གསོའི་ལས་དོན་མུ་མཐུད་བྱེད་བཞིན་པར་བརྟེན་ནས། དངོས་རྫས་མང་པོ་ཞིག་རྙེད་རྒྱུའི་སྔོན་དཔགས་གནང་གི་ཡོད་པ་རེད།