༧གོང་ས་མཆོག་གྷོ་ཝ་འཛིན་སྐྱོང་སློབ་གཉེར་ཁང་དུ་ཆིབས་བསྒྱུར་གནང་རྒྱུ།


2018.07.31
༧གོང་ས་མཆོག་གྷོ་ཝ་འཛིན་སྐྱོང་སློབ་གཉེར་ཁང་དུ་ཆིབས་བསྒྱུར་གནང་རྒྱུ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྷོ་ཝ་མངའ་ཁུལ་དུ་ཆིབས་བསྒྱུར་གནང་འཆར་ཡོད་འདུག
གྷོ་ཝ་འཛིན་སྐྱོང་སློབ་གཉེར་ཁང་།

དེ་ཡང་རྒྱ་གར་གྱི་ཀྲཡེམསྀ་ཨོཧྥ་ཨིན་ཌི་ཡ་གསར་ཤོག་གིས་དྲ་ཐོག་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྷོ་ཝ་མངའ་སྡེའི་ནང་ཡོད་པའི་Goa Institute of Management འམ་གྷོ་ཝ་འཛིན་སྐྱོང་སློབ་གཉེར་ཁང་འདི་བཙུགས་ནས་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་གདན་ཞུས་ལྟར། ཕྱི་ཟླ་༨ཚེས་༨ཉིན་ཆིབས་བསྒྱུར་གནང་སྟེ་གཙོ་བོ་རྒྱ་གར་གྱི་གནའ་བོའི་ཤེས་བྱ་བཟང་པོ་དེ་དག་དེང་སང་དུས་ཚོད་འདིར་གལ་ཆེན་པོ་ཇི་ལྟར་ཆགས་ཀྱི་ཡོད་མེད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་མངའ་སྡེའི་གཞུང་ནས་སྒྱུ་རྩལ་གྱི་དུས་སྟོན་ཞིག་ཚོགས་པའི་སྐབས་གདན་འདྲེན་ཞུས་པ་ལྟར་ཆིབས་བསྒྱུར་གནང་བ་ནས་བཟུང་ལོ་ངོ་བདུན་གྱི་རྗེས་སུ་གྷོ་ཝའི་ནང་ཆིབས་བསྒྱུར་གནང་རྒྱུ་ཐོག་མ་དེ་ཆགས་གནང་གི་ཡོད་པ་རེད་།
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་གཞིར་བཟུང་ལྟར་ན། ཕྱི་ཟླ་༨་ཚེས་༡༠ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཞིག་གོ་སྒྲིག་ཞུས་ཡོད་པ་དེའི་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བགྲེས་གཞོན་རྣམ་གཉིས་དང་དཔོན་རིགས་ཁག་ཅིག་ཕེབས་ཀྱི་ཡོད་པ་མ་ཟད། མཛད་སྒོའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་གི་ཡོད་འདུག རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེ་ནི་བཙན་བྱོལ་བོད་མི་མང་ཤོས་དང་བོད་མིའི་ཆོས་སྡེ་ཆེ་ཤོས་ཁག་ཆགས་ཡུལ་གྱི་ས་གནས་དེ་ཡིན་པ་རེད།  
གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎