༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་ ༤༣༠ ལ་མཇལ་ཁ་སྩལ་བ།

2025.03.19
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་ ༤༣༠ ལ་མཇལ་ཁ་སྩལ་བ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་སྩལ་སྐབས། ༢༠༢༥།༠༣།༡༩ ཉིན།
OHHDL

ཟླ་ ༣ ཚེས་ ༡༩ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་མི་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་པ་ཁྱོན་ ༤༣༠ ལ་མཇལ་ཁ་སྩལ་གནང་མཛད་འདུག་ཅིང་། མཇལ་ཁ་གྲུབ་མཚམས་འདི་ག་རླུང་འཕྲིན་ཁང་ནས་མཇལ་བཅར་བ་ཁག་གཅིག་ལ་བཀའ་འདྲི་ཞུས་པར། རྒྱ་གར་ཨུ་ཏཱ་ར་ཁན་མངའ་སྡེའི་ནང་རྟེན་གཞི་བྱས་པའི་རཇཱ་པུར་རྒན་གསོ་ཁང་གི་དགེ་བཤེས་བློ་བཟང་བསམ་འཕེལ་ལགས་ཀྱིས། དེ་རིང་གོང་ས་མཆོག་གི་གཞལ་མཇལ་ཐོབ་པ་ཙམ་གྱིས་སེམས་པ་ཤིན་ཏུ་ནས་སྐྱོ་པོ་བྱུང་། ངས་དགོན་པོ་མཆོག་འགྲོ་བ་སེམས་ཅན་ཐམས་ཅད་དང་སངས་རྒྱས་ཀྱི་བསྟན་དོན་དུ་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུས་པ་ཡིན་ཞེས་གསུངས་ཀྱི་འདུག་ལ། ཡང་ལོ་ལྟར་རྒྱ་གར་གནངས་སྡོད་བོད་མི་རྒན་རྒོན་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུའི་ལས་གཞི་ཞིག་སྤེལ་མཁན། སུད་སི་ནས་ཡིན་པའི་བློ་བཟང་དར་རྒྱས་ལགས་ཀྱིས། ཐེངས་འདིར་ཁོང་ནས་རཱ་ཇ་པུར་དུ་རྟེན་གཞི་བྱས་པའི་རྒན་རྒོན་དང་མ་སུ་རི་བོད་ཁྱིམ་སློབ་གྲྭའི་རྒས་ཡོལ་ལས་བྱེད་ཁྱོན་ ༤༥ ཙམ་ཞིག་བཞུགས་སྒར་དུ་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རུ་བཅར་ཡོད་པས། ཁོང་རྣམས་མང་པོ་ཞིག་དུས་ཡུན་རིང་པོ་ཞིག་གི་རྗེ་སུ་མགོན་པོ་མཆོག་གི་མཇལ་ཁ་མཐོབ་ཡོད་པས་ཐུགས་འཚོར་ཤིན་ཏུ་ནས་དགའ་པོ་བྱུང་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

_SR54327.jpg
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་སྩལ་སྐབས། ༢༠༢༥།༠༣།༡༩ ཉིན།

གཞན་ཡང་ཨ་རིར་བཅའ་བཞུགས་ (Sam Nguyan) ལགས་ཀྱིས། ཁོང་ནང་པ་མིན་ནའང་ལོ་ ༡༦ ལྷག་རིང་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཉམས་ལེན་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་དོན་བཞིན། ལྦེ་ནམ་ནང་གི་དྭ་ཕྲུག་མང་དག་ཅིག་གསོ་སྐྱོང་སོགས་ཀྱི་བྱ་བ་བཟང་པོ་མང་པོ་སྒྲུབ་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་ལ། དེ་རིང་མགོན་པོ་མཆོག་གི་མཇལ་ཁ་ཞུ་བར། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Deutsche Schule German) སློབ་གྲྭ་ནས་ལས་བྱེད་དང་སློབ་ཕྲུག་ཁག་ཅིག་ཀྱང་ཕེབས་ཡོད་པའི་ཁོངས། སློབ་གྲྭའི་ལས་བྱེད་ (Marc Moesinger) ལགས་ཀྱིས། ཐེངས་འདིར་ཁོང་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་དོན་གཙོ་བོ་ནི། ཁོང་རྣམས་ནས་མགོན་པོ་མཆོག་ནི་ཞི་བདེའི་ཕོ་ཉ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པས། སློབ་གྲྭའི་ནང་གི་རྒྱལ་ཁབ་མི་འདྲ་བ་ ༣༧ གྱི་སློབ་ཕྲུག་རྣམས་ལ་ཉིན་ལྟར་མགོན་པོ་མཆོག་གི་བཀའ་དགོངས་བཞིན། རྒྱལ་ཁབ་དང་ཆོས་ལུགས་གང་ཡིན་ལ་ལྟོས་མེད་ཀྱིས། མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་བསྐྲུན་ཐབས་བྱེད་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་བ་དང་སྦྲགས། དེ་རིང་མགོན་པོ་མཆོག་གི་མཇལ་ཁ་ཐོབ་པ་ཙམ་གྱིས་བྱིན་རླབས་ཆེན་པོ་བྱུང་སོང་ལ། སློབ་མ་རྣམས་ནས་མ་འོངས་མཇལ་ཁ་དེའི་གལ་གནད་ཤེས་རྟོགས་ཐུབ་ངེས་རེད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

རྩ་བའི་ཟླ་བ་འདིའི་ཚེས་ ༡༡ ནས་ ༡༨ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཁན་པོ་མཛད་དེ། རྒྱལ་ཁབ་ ༡༥ ནས་ཕེབས་པའི་དགེ་ཚུལ་ཕ་མ་ ༧༥ དང་། དགེ་སློང་ ༢༠༢ ལ་ཚིགས་སྔ་ཕྱིའི་སྡོམ་པ་སྩལ་གནང་མཛད་འདུག་ལ། སྐབས་དེར་མགོན་པོ་མཆོག་གིས། བསྒྲུབ་བྱ་རྣམས་ནས་ཉག་ཕྲ་བའི་དུས་སྐབས་སུ་སངས་རྒྱས་ཀྱི་བསྟན་པར་དད་པ་ཆེ་བསྐྱེད་ཀྱིས་དགེ་སློང་བསྒྲུབས་པ་ནི་བསྐལ་བ་བཟང་པོ་ཞེ་དྲགས་ཡིན་ཞེས་དང་། དེང་ནང་པ་སངས་རྒྱས་པའི་ཆོས་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་དོ་སྣང་ཆེན་པོ་གནང་བཞིན་པ་ནི། གཙོ་བོ་ནང་པའི་ཆོས་ལས་སེམས་ཁམས་རིག་པའི་གནས་ཚུལ་ཞིབ་ཚགས་རྟོགས་ཐུབ་པ་དེར་ཡིད་སྨོན་སྐྱེས་པར་བརྟེན་ཡིན་ཞེས་བཀའ་སྩལ་མཛད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎