རྒྱལ་སྤྱིའི་རིང་བཞིན་ལྡན་པའི་ཁ་ཆེའི་ཆོས་ལུགས་མཐུན་སྒྲིལ་ཚོགས་ཆེན།


2019.06.15
རྒྱལ་སྤྱིའི་རིང་བཞིན་ལྡན་པའི་ཁ་ཆེའི་ཆོས་ལུགས་མཐུན་སྒྲིལ་ཚོགས་ཆེན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཁ་ཆེའི་ཆོས་ལུགས་མཐུན་སྒྲིལ་ཚོགས་མགོན་དུ་༧ཞབས་སོར་འཁོད་གནང་གིས་བཀའ་སློབ་སྩལ་གནང་འདུག
བློ་བཟང་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ།

ཕྱི་ཟླ་༦ཚེས་༡༥རེས་གཟའ་སྤེན་པའི་ཉིན་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་གོ་སྒྲིག་ཞུས་པའི་རྒྱ་གར་ནང་གི་ཁ་ཆེའི་ཆོས་ལུགས་ནང་ཁུལ་སྤྱི་དང་། ལྷག་པར་༧གོང་ས་མཆོག་ལ་དྭགས་ཁུལ་དུ་ཆིབས་སྒྱུར་ཡང་ཡང་བསྐྱངས་པར་བརྟེན་ཁུལ་དེར་སྤྱིར་ཁ་ཆེ་གྲངས་ཉུང་ཡིན་ཡང་ལ་དྭགས་ཁ་ཆེ་ནང་ཁུལ་སུ་ནི་(Sunni) དང་ཤི་ཡ་ (Shia) དབར་འཆམ་མཐུན་གྱི་འབྲེལ་ལམ་བཟང་པོ་མི་རབས་ནས་མི་རབས་རྒྱུན་སྲིང་ཐུབ་པ་དེར་ཐུགས་ཡིད་འཕྲོག་པ་དང་། དེ་ལས་བློ་སྐྱེད་བཞེས་ནས་འབྱུང་འགྱུར་ལ་དྭགས་ཁ་ཆེའི་ནང་ཁུལ་འཆམ་མཐུན་གྱི་གོམས་གཤིས་བཟང་པོ་དེ་གཞི་རྩར་འཛིན་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཁ་ཆེའི་ཆོས་ལུགས་མཐུན་སྒྲིལ་ཚོཌ་འདུ་ཞིག་ལྡི་ལིར་ཚུགས་རྒྱུར་ལམ་སྟོན་མཛད་པ་ལྟར་ཐེངས་འདིར་གོ་སྒྲིག་ཞུས་སྐོར་བཀའ་སློབ་སྩལ་གནང་འདུག ཐེངས་འདིར་ལ་དྭགས་རྒྱལ་ས་སླེ་རུ་རྟེན་གཞི་བྱས་པའི་ལ་དྭགས་ཁ་ཆེ་བ་ཚོས་གཙོ་འགན་བཞེས་པའི་ཐོག་༧གོང་ས་མཆོག་གི་དཔལ་འབྱོར་གྱི་མཐུན་འགྱུར་གསོལ་སྩལ་མཛད་པ་བརྒྱུད་ལྷན་ཚོགས་དེ་གོ་སྒྲིག་ཐུབ་པ་བྱུང་བ་དང་། ལྷན་ཚོགས་ངོ་སྤྲོད་སྐབས་ལ་དྭགས་ཁ་ཆེའི་ཤེས་ལྡན་གཙུག་ལག་སློབ་དཔོན་སྐུ་ཞབས་སི་དྷིཁ་ཝ་ཧིཌ་(Dr. Siddiq Wahid)ལཌ་ཀྱིས་ལྷན་ཚོགས་ངོ་སྤྲོད་དང་སྦྲགས་དེ་སྔ་བོད་རང་བཙན་མ་ཤོར་གོང་བོད་མི་ཁ་ཆེ་དང་ནང་པའི་དབར་མཐུན་ལམ་བཟང་པོ་རྒྱུན་སྐྱོང་གནང་བ་དང་། བོད་མི་ཚོས་ཁ་ཆེ་ཞེས་ཐ་སྙད་བེད་སྤྱོད་བཏང་བ་དེའང་ཀ་ཤི་མིར་ཞེས་པ་ནས་ཀ་ཤིར་དང་དེ་ནས་རིམ་བཞིན་སྒྲ་ཉམས་ནས་ཁ་ཆེ་ཆགས་ཚུལ་དང་བོད་ཀྱི་ཁ་ཆེའི་ཁྱིམ་མཚེས་རྒྱལ་ཁབ་Tajikistan ལ་ཏ་ཟིག་ཟེར་བ་སྔ་མོ་ནས་འབྲེལ་བ་ཡོད་སྐོར་དང་ལྷག་པར་བོད་ཀྱི་ཡིག་སྐད་ལ་མཚོན་ན་བོད་ཙམ་མ་ཟད་རྒྱ་གར་ཧི་མ་ལ་ཡི་རི་རྒྱུད་དང་།འབྲུག་གི་རྫོང་ཁ་ཟེར་བ་དེའང་གཞི་རྩ་བོད་ཡིག་ཡིན་སྐོར་དང་པ་ཀི་སི་ཐན་གྱི་མངའ་ཁོངས་བྷལ་ཏི་སི་ཐན་(Baltistan)ནང་བོད་ཀྱི་སྐད་ཡིག་དུས་ད་ལྟའང་དར་ཁྱབ་ཡོད་སྐོར་སོགས་གསུངས་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་ཐོག་ནས་བཀའ་སློབ་ཟབ་རྒྱས་སྩལ་གནང་འདུག མཇུག་ཏུ་༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་ལས་འགན་ཕྱི་ལོ་ ༢༠༡༡ལོར་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་ཟིན་ཡང་ད་ཆ་བོད་བོད་ཀྱི་ཁོར་ཡུག་དང་རིག་གཞུང་སོགས་སྲུང་སྐྱོབ་ཆེད་མཛད་ཁུར་བཞེས་མུས་ཡིན་སྐོར་གསུངས་གནང་འདུག མཛད་སྒོའི་ཐོག་རྒྱ་གར་གི་སྲིད་འཛིན་གཞོན་པ་ཟུར་པ་སྐུ་ཞབས་ཧ་མིཌ་ཨན་སཱ་རི་ Hamid Ansariམཆོག་ཕེབས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎