བཟང་སྤྱོད་ཉམས་ལེན་སྐོར་བཀའ་སློབ།


2013.06.24
བཟང་སྤྱོལ་ཉམས་ལེན་སྐོར་བཀའ་སློབ། ༸གོང་ས་མཆོག་ནས་ཨོ་སི་ཊེ་ལི་ཡའི་གྲོང་ཁྱེར་ཌར་ཝིན་ཚོགས་ཁང་ཆེན་མོའི་ནང་མང་ཚོགས་ ༣༠༠༠ བརྒལ་བར་བཀའ་སློབ།
༸གོང་ས་མཆོག་གི་དྲ་གནས།

༄༅༎ཕྱི་ཚེས་ ༢༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཨོ་སི་ཊེ་ལི་ཡའི་གྲོང་ཁྱེར་ཌར་ཝིན་ནང་ཐོག་མར་ཨ་ཡི་ཊི་ཝི་ ཞེས་པའི་བརྙན་འཕྲིན་བརྒྱུད་ལམ་གྱི་གསར་འགོད་པ་Karla Grant གིས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་མཛད་གནང་ཡོད་པ་དང་། དེ་རྗེས་ཌར་ཝིན་ཚོགས་ཁང་ཆེན་མོའི་ནང་མང་ཚོགས་ ༣༠༠༠ བརྒལ་བར་བདེན་བཞིའི་ཆོས་འབྲེལ་དབུ་འཛུགས་དང་། ཉིན་རྒྱབ་བཟང་སྤྱོད་ཉམས་ལེན་བྱེད་ཕྱོགས་སྐོར་བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད།  ༧གོང་ས་མཆོག་གིས་འབྱུང་འགྱུར་འཛམ་གླིང་ནང་ཞི་བདེ་གཏན་ལྷིང་ཡོང་མིན་ནི་དུས་རབས་ཉི་ཤུ་རྩ་གཅིག་ནང་གི་གཞོན་སྐྱེས་ཚོར་རེ་བ་རྒྱག་རྒྱུ་ཡིན་པའི་སྐོར་བཀའ་ཕེབས་པའི་རྗེས། བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་གཅིག་ལ་བཀའ་ལན་བསྩལ་གནང་མཛད་འདུག།
དེ་རྗེས་༸གོང་ས་མཆོག་གི་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གིས་ཚོགས་གཙོ་སྐུ་ཞབས་RobertKeldoulisལགས་ཀྱིས་ཆིབས་སྒྱུར་དང་འབྲེལ་བའི་ལས་བསྡོམས་སྙན་སེང་ཞུས་ཡོད་པ་རེད། ༸གོང་ས་མཆོག་གིས་ཐེངས་འདིའི་ནིའུ་ཛི་ལེན་ཌི་དང་ཨོ་སི་ཊེ་ལི་ཡ་བཅས་ནང་གི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་པར་གྲུབ་སྟེ་ཁེ་ས་སིངྒ་པུར་བརྒྱུད་རྒྱ་གར་དུ་ཆིབས་ཞལ་བསྒྱུར་གནང་མཛད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎