བཞུགས་སྒར་དུ་ཞབས་སོར་འཁོད་པ།
2013.03.30

བོད་ཀྱི་བང་ཆེན།
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་རྒྱལ་ས་ལྡི་ལི་དང་འབྲས་ལྗོངས་དེ་བཞིན་ས་ལུ་ག་ར་ཁུལ་དུ་བདུན་ཕྲག་གཅིག་ལྷག་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། ཟླ་འདིའི་ཚེས་༣༠་ཉིན་རྡ་རམ་ས་ལའི་གྷ་གྷལ་གནམ་ཐང་དུ་ཞབས་སོར་འཁོད་སྐབས། དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་ཕེབས་བསུ་དང་། དེ་བཞིན་ཕེབས་ལམ་གྱི་ས་ཚིགས་ཁག་ནས་རྒྱ་ཆེའི་མང་ཚོགས་ཀྱིས་ཕེབས་བསུའི་ཁྲོད་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་འདུག།