༸གོང་ས་མཆོག་ནས་བོད་ནས་ཕེབས་མཁན་ཚོར་བཀའ་སློབ།
2012.12.01
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོཌ་སུ་ལམ་རིམ་ཆེན་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཁྲིད་གསུང་ཆོས་དབུ་འཛུཌ་མཛད་ནས་དེ་རིང་ཉིན་གསུམ་པ་ཡིན་པ་རེད།
གསུང་ཆོས་ཀྱི་སྦྱིན་བདག་དང་གསོལ་བ་འདེབས་མཁན་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་དང་། དགའ་ལྡན་ཤེ་རྩེ་གྲྭ་ཚང་གཉིས་ཡིན་འདུག །ལམ་རིམ་གྱི་གསུང་ཆོས་ཞུ་མཁན་དགའ་ལྡན་ཁྲི་རིན་པོ་ཆེ་དབུས་པའི་གདན་ས་གྲྭ་ཚང་ཁག་གི་མཁན་པོ་རྣམ་པ་དང་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་། རྒྱལ་ཁབ་༥༣་ལྷག་ནས་ཕྱི་ནང་མི་རིགས་ཁྲི་ཕྲག་མང་པོ་ཆེད་ཕེབས་གནང་ཡོད་འདུག
ཕྱི་ཚེས་༡་ཉིན་ཞོགས་པ་གསུང་ཆོས་དབུ་འཛུགས་མ་གནང་གོང་། འབྲུག་པ་རྣམས་ལ་མཇལ་ཁ་དང་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་དམིགས་བསལ་བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད༎