འཕྲོད་བསྟེན་བཀའ་བློན་གྱིས་རྒྱ་གར་ལྷོ་ཕྱོགས་ཀྱི་འཚམས་གཟིཌ།

བཙན་བྱོལ་བོད་གཞུང་གི་འཕྲོད་བསྟེན་བཀའ་བློན་མཆོག་རྒྱ་གར་ལྷོ་ཕྱོགས་མངའ་ཁུལ་བོད་མིའི་གཞིས་ཆགས་ཁག་གི་འཚམས་འདྲི་གྲུབ་ཡདོ་པ་རེད།

2008.08.14

༄༅༎བཙན་བྱོལ་བོད་གཞུང་གི་འཕྲོད་བསྟེན་བཀའ་བློན་ཇོ་དཔལ་དཔལ་འབྱོར་ཚེ་རིང་ལགས་རྒྱ་གར་ལྷོ་ཕྱོགས་མངའ་ཁུལ་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ཏུ་ཉིན་གྲངས་༡༧ རིང་གི་འཚམས་འདྲི་གྲུབ་ཏེ་བཞུགས་སྒར་དུ་ཕྱིར་ལོག་ཕེབས་ཡོད་པ་རེད།

འཕྲོད་བསྟེན་བཀའ་བློན་མཆོག་གི་ཕྱི་ཟླ་བདུན་པའི་ཚེས་༢༤ ནས་ཟླ་བ་འདིའི་ཚེས་༩ བར་འཚམས་འདྲི་ཕེབས་ཡུལ་གཙོ་བོ་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་མོན་གོཏེ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་དང་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང༌། སྦེལ་གོབ་བདེ་སྐྱིད་སླར་གསོ། ཧུན་སུར་རབ་རྒྱས་གླིང༌། ཀོ་ལི་སྒར་དོན་ལྡན་གླིང་བཅས་ཁྱོན་གཞིས་ཆགས་ཁག་བཞིར་ཕེབས་ཡོད་ཅིང༌། འཚམས་འདྲི་དེའི་རིང་ལ་གཞིས་ཆགས་སོ་སོའི་ནང་ཡོད་པའི་འཕྲོད་བསྟེན་ལྷན་ཁང་གི་ཡན་ལག་སྨན་ཁང་དང༌། བོད་གཞུང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང༌། དེ་བཞིན་དགོན་སྡེ་ཁག་ཏུ་ཡོད་པའི་སྨན་ཁང་དང་འཕྲོད་བསྟེན་ཞབས་ཞུ་ཁང་སོགས་ལ་གཟིགས་སྐོར་ཏུ་ཕེབས་པ་དང༌། འབྲེལ་ཡོད་སྨན་པ་དང་སྨན་ཞབས་པ་། དེ་བཞིན་གཞིས་ཆགས་སོ་སོའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་རྣམས་དང་མཇལ་འཕྲད་གནང་སྟེ་འབྲེལ་ཡོད་ཀྱི་ས་གནས་སོ་སོའི་འཕྲོད་བསྟེན་གྱི་གནས་སྟངས་སྐོར་ལ་བཀའ་མོལ་གནང་བ་མ་ཟད། སྤྱི་ཡོངས་ཀྱི་བོད་མིའི་གཞིས་ཆགས་ཆེ་ཁག་དེ་དག་ནང་གི་འཕྲོད་བསྟེན་གྱི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་སྐོར་བཀའ་བསྡུར་གནང་ཡོད་པ་རེད། ད་དུང་ཁོང་གིས་གཞིས་ཆགས་དེ་དག་ནང་མི་དམངས་སྐོང་ཚོགས་གནང་སྟེ་སྤྱི་ཚོགས་ཀྱི་འཕྲོད་བསྟེན་དང་མི་དམངས་ཀྱི་བདེ་ཐང་གི་ཆེད་དུ་ཟས་སྤྱོད་སྤངས་བླངས་ཚུལ་བཞིན་འཕྲོད་བསྟེན་བྱ་ཕྱོགས་དང་ལུས་རྩལ་རྩེད་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་པའི་སློབ་སྟོན་གནང་ཡོད་པ་མ་ཟད། བཞུགས་སྒར་རྡ་རམ་ས་ལར་ཕྱིར་ལོག་ཕེབས་ལམ་འཁེལ་ཡུལ་རྒྱ་གར་སྦེང་ལོར་གྲོང་ཁྱེར་ནང་མཐོ་རིམ་སློབ་གྲར་བསྐྱོད་བཞིན་པའི་བོད་པའི་སློབ་ཕྲུག་དང་ཐུག་འཕྲད་ཀྱིས་སྤྱིར་བཏང་གི་འཕྲོད་བསྟེན་སྐོར་དང་ལྷག་པར་དུ་བོད་མི་རིགས་ཀྱི་ངོ་བོ་མི་བརླགས་པ་བྱེད་དགོས་པའི་བཀའ་སློབ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎