ཕྱི་ལོ་གསར་པར་བཀྲིས་བདེ་ལེགས།

འཛམ་གླིང་ས་ཕྱོགས་གང་སར་མི་མང་ས་ཡ་བརྒྱ་ཕྲག་མང་པོས་ཕྱི་ལོ་གསར་དུ་བཞད་པའི་དགའ་སྟོན་སྲུང་བརྩི་ཟབ་རྒྱས་ངང་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག

2013.01.01

༄༅།    །དེ་རིང་ཚེས་༡སྟེ་ཕྱི་ལོ་༢༠༡༣འཁོར་ཡོད་པ་དང་། ཉི་མའི་འཁོར་བསྐྱོད་གཞིར་བཟུང་། ཕྱི་ལོ་གསར་ཚེས་ཀྱི་དགའ་སྟོན་ཐོག་མ་དེ་བཞིན་ ཨོས་ཀྲེ་རི་ལི་ཡའི་Sydney གྲོང་ཁྱེར་རུ་ མི་མང་ས་ཡ་ལྷག་འདུ་འཛོམས་ཐོག་དེང་དུང་འཕྲུལ་རིག་ལ་བརྟེན་པས་ཁ་དབྱིངས་ཤོག་སྦག་འབར་གས་ཀྱི་གཟིགས་འབུལ་དང་འབྲེལ་ སྙན་གྲགས་ཅན་གྱི་དེང་དུས་ཀྱི་གཞས་མ་Kyle Minogue གྱི་གཞས་སྣ་ཁྲབ་སྟོན་གྱི་ལམ་ནས་ཕྱི་ལོ་གསར་བཞད་ལ་འཚམས་འདྲི་ཞུས་ཡོད་པ་རེད། ཨེ་ཤེ་ཡའི་ཁུལ་དུ་ཕྱི་ལོ་གསར་ཚེས་ཀྱི་དགའ་སྟོན་དང་པོ་དེ་བཞིན་ཧོང་ཀོང་གི་Victoria མཚོ་ཁའི་སྟེང་ཁ་དབྱིངས་ཐོག་མཚོན་ཁྲ་སྣེ་མང་ཅན་གྱི་ཤོག་སྦག་འབར་གས་བྱས་པའི་ཐོག་དགའ་སྟོན་བྱས་འདུག་ལ། ཡང་དཀྱིལ་ཤར་ཡུལ་གྲུའི་ཁུལ་དུ་ Quatar གྱི་རྒྱལ་ས་Dubai རུ་ Burj Khalifa ཞེས་འཛམ་གླིང་ཐོག་ཁང་རྩེག་མཐོ་ཤོས་ཅན་གྱི་ཁང་པའི་སྟེང་ནས་ཤོག་སྦག་འབར་གས་བྱས་པ་སོགས་གཙོ་བོར་འགྱུར་བའི་ཁ་ཆེའི་རྒྱལ་ཁབ་ཁག་ནང་དེ་མཚུངས་ཕྱི་ལོ་གསར་ཚེས་ལ་དགའ་སྟོན་ཞུས་ཡོད་པ་རེད།

དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་མི་མང་ཁྲི་ཚོ་མང་པོས་གྲང་ངར་གྱི་གནམ་གཤིས་ལ་འཛེམས་མེད་ཀྱི་ Thames གཙང་པོའི་ཉེ་འཕྲིས་སུ་ཕྱི་ལོ་གསར་ཚེས་ཀྱི་དགའ་སྟོན་ཆེད་གོ་སྒྲིགས་ཞུས་པའི་ཤོག་སྦག་འབར་གས་ཀྱི་གཟིགས་འབུལ་ནང་མཉམ་བཞུགས་བྱས་འདུག    ཡིན་ཡང་ འཛམ་གླིང་ས་ཕྱོགས་ནང་ནས་ ཕྱི་ལོ་གསར་ཚེས་ཀྱི་དགའ་སྟོན་སྲུང་བརྩི་ཞུ་སྲོལ་ནང་ མང་ཚོགས་ཀྱི་དགའ་མོས་ཆེ་ཤོས་བྱེད་པ་དེ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་Times Square ཞེས་པའི་ཁྲོམས་གཞུང་སྟེང་དགའ་སྟོན་སྲུང་བརྩི་ཞུ་སྲོལ་ཡོད་པ་དེ་ལྟར་ཡང་། ཁ་སང་ཕྱི་དྲོ་ནས་དགོང་དྲོའི་ཚོུད་༡༢མ་ཟིན་བར་ ཁྲོམས་གཞུང་གི་སྡིངས་ཆའི་སྟེང་ཨ་རི་དང་ཀེ་ན་ཊ་དེ་བཞིན་ཀོ་རི་ཡ་བཅས་ནས་སྙན་གྲགས་ཅན་གྱི་གཞས་པ་དང་གཞས་མ་མང་པོས་རྒྱུན་ཆད་མེད་པར་འཁྲབ་སྟོན་གྱི་གཟིགས་འབུལ་དང་། ལྷག་པར་དུ་གྲོང་ཁྱེར་ནིའུ་ཡོག་གི་ཁ་དབྱིངས་སྟེང་། མཚོན་ཁྲ་སྣེ་མང་ཅན་གྱི་ཤོག་སྦག་བརྒྱ་ཕྲག་མང་པོ་འབར་གས་བྱས་སྟེ། ཕྱི་ལོ་གསར་ཚེས་ལ་འཚམས་འདྲི་ཞུས་པ་རེད་ལ། རྒྱལ་སྤྱིའི་ཐོག་ནས་བརྙན་འཕྲིན་བརྒྱུད་མི་གྲངས་ཐེར་འབུམ་ལྷག་གི་གཟིགས་ཞིབ་བྱུང་ཡོད་ལུགས་ཚོད་དཔག་བྱེད་བཞིན་འདུག།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎