གནམ་གཤིས་འགྱུར་བས་འབྲུག་ཡུལ་ལ་གནོད་གཞིའི་ཉེན་བརྡ།

འབྲུག་ཡུལ་གྱི་སྲིད་བློན་འཇིགས་མེད་འཕྲིན་ལས་ཀྱིས་ཧི་མ་ལ་ཡ་རི་བརྒྱུད་ཀྱི་གནམ་གཤིས་ལ་འགྱུར་བ་འགྲོ་གི་ཡོད་པར་ཉེན་བརྡ་བཏང་འདུག

2011.08.24

༄༅༎འབྲུག་ཡུལ་གྱི་སྲིད་བློན་འཇིགས་མེད་འཕྲིན་ལས་མཆོག་གིས་ ཧི་མ་ལ་ཡ་རི་བརྒྱུད་ཀྱི་གནམ་གཤིས་ལ་འགྱུར་བ་འགྲོ་གི་ཡོད་པ་དེས། འབྲུག་ཡུལ་དེ་བཞིན་མ་འོངས་འཛམ་གླིང་ནང་ནས་ཆུ་གློག་གི་ནུས་ཤུགས་མཁོ་འདོན་བྱེད་མཁན་གྱི་རྒྱལ་ཁབ་ཆེ་ཤོས་ཆགས་རྒྱུའི་དམིགས་ཡུལ་ལ་གནོད་སྐྱོན་ཕོག་སྲིད་པའི་ཉེན་བརྡ་བཏང་གནང་འདུག།

རྒྱ་དཀར་ནག་གཉིས་དབར་ཆགས་པའི་རི་བརྒྱུད་རྒྱལ་ཁབ་འབྲུག་ནི་དཔལ་འབྱོར་གོང་འཕེལ་ཁོ་ནའི་ཐོག་བསམ་བློ་མ་བཏང་བར་། ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་དེ་བཞིན་རྒྱལ་ཁབ་ཡར་རྒྱས་གཏོང་རྒྱུའི་ཆ་རྐྱེན་གལ་ཆེ་ཞིག་ལ་རྩིས་ནས་མང་ཚོགས་ལ་བདེ་སྐྱིད་སྐྲུན་ཐབས་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་རེད།

ཁྱོན་མི་འབོར་འབུམ་བདུན་ཙམ་གནས་སྡོད་བྱ་ཡུལ་འབྲུག་རྒྱལ་ཁབ་དེ་བཞིན་སོལ་ལའི་འབྱུང་ཁུངས་ཐོག་རྟེན་མི་དགོས་པར་གློག་ཤུགས་མཁོ་འདོན་བྱེད་ཀྱི་ཡོད་པ་དང༌། འབྲུག་སྤྱི་ཡོངས་ཀྱི་གློག་ཁང་ཡོངས་རྫོགས་གཙང་ཆུའི་ནུས་ཤུགས་ནས་འདོན་སྤེལ་བྱེད་ཀྱི་ཡོད་པ་རེད།

འབྲུག་ཡུལ་གྱི་སྲིད་བློན་འཇིགས་མེད་འཕྲིན་ལས་མཆོག་གིས་ ཕ་རེན་སི་གསར་ལས་ཁང་ལ། འབྲུག་ཁུལ་གྱི་ཆུའི་འབྱུང་ཁུངས་དང་ཧི་མ་ལ་ཡའི་འཁྱགས་རོམ་བཞུར་བ་ནས་གློག་ཤུགས་འདོན་སྤེལ་བྱ་རྒྱུའི་མ་འོངས་ལས་འཆར་ཁག་ལ་ཧི་མ་ལ་ཡའི་གནམ་གཤིས་འགྱུར་ལྡོག་གིས་གནོད་འཚེ་ཆེན་པོ་བཟོ་གི་ཡོད་པའི་རང་བཞིན་འབྱུང་བའི་དཀའ་ངལ་མེད་པ་བཟོ་རྒྱུའི་ནུས་པ་འབྲུག་ལ་མེད་པའི་སྐོར་འགྲེལ་བརྗོད་གནང་བཞག།

ད་ལྟའི་འཆར་ལས་མི་དང་འཕྲུལ་ལས་མཁས་པ་༢༠༠ནས་༣༠༠བར་ཞིག་གིས་ འབྲུག་ཡུལ་གྱི་ ལུ་ན་ལྭ་རྫོང་ཁུལ་ཡོད་པའི་ འཁྱགས་རོམ་གྱི་མཚོ་ཆེ་ཤོས་དེའི་ས་ངོས་མཐོ་ཚད་དམའ་རུ་གཏོང་རྒྱུའི་ལས་དོན་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎