བཀའ་བརྒྱུད་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་ཆེན་སྐོར།

བརྒྱུད་སྟོད་གྲ་ཚང་གིས་ཕྱི་ཟླ་བཅུ་པའི་ཚེས་གསུམ་ནས་བརྒྱད་བར་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བ།

2009.10.09

༄༅༎བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བརྒྱུད་སྟོད་གྲ་ཚང་གིས་ཕྱི་ཟླ་བཅུ་པའི་ཚེས་གསུམ་ནས་བརྒྱད་བར་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་དང་དེའི་ཐོག་བཙན་བྱོལ་ནང་ཡོད་པའི་བཀའ་བརྒྱུད་དགོན་སྡེ་ཁག་༣༣་དང་དེ་བཞིན་རྒྱ་གར་དང་བལ་ཡུལ་དང་འབྲུག་ཡུལ་སོགས་ནས་སྐུ་ཚབ་མཉམ་བཞུགས་གནང་ཡོད་པ་རེད།

འཁོར་ཡུག་དང་འབྲེལ་བའི་ལྷན་ཚོགས་དེའི་ཐོག་རྒྱལ་བ་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་བཙན་བྱོལ་བོད་གཞུང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་ལགས་རྣམ་གཉིས་ལྷན་ཚོགས་ཐོག་དབུ་བཞུགས་གནང་ཡོད་ཅིང་འཕྲོད་བསྟེན་བཀའ་བློན་མཆོག་ནས་ལྷན་ཚོགས་ཐོག་དངོས་པོ་དང་མིས་འཁོར་ཡུག་ལ་གནོད་ཚབས་བཟོ་ཡས་ཀྱི་ཉེན་ཚབས་ཇེ་ཆེར་འགྲོ་བཞིན་པ་དེས་ཆུ་དང་རླུང་སོགས་ལ་འབག་བཙོག་ཡོང་གི་ཡོད་སྟབས་དེས་རྐྱེན་པས་འཕྲོད་བསྟེན་གྱི་དཀའ་གནད་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྐོར་གསུང་བཤད་གནང་ཡོད་པ་དང་འཕྲོད་བསྟེན་བཀའ་བློན་མཆོག་ནས་རྒྱལ་བ་ཀརྨ་པ་མཆོག་གིས་ཁོར་ཡུག་གནད་དོན་ཐོག་དགོངས་བཞེས་ཟབ་མོ་གནང་སྟེ་ལྷན་ཚོགས་དེ་རིགས་སྤེལ་གནང་བ་བརྒྱུད་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཐོག་དོ་སྣང་དང་ཐུགས་འཁུར་བྱེད་མཁན་མང་དུ་འགྲོ་རྒྱུའི་ཐུགས་རེ་གནང་གི་ཡོད་གསུངས་བཞག ཀརྨ་པ་རིན་པོ་ཆེ་མཆོག་ནས་ལྷན་ཚོགས་ཐོག་སྐྱེ་དངོས་གནས་སྟངས་རིག་པ་དང་ནང་ཆོས་བཟུང་འབྲེལ་ཐོག་ནས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ནི་གལ་འགངས་ཆེན་པོ་ཡིན་པའི་སྐོར་ཞིབ་ཕྲའི་བཀའ་སློབ་གནང་ཡོད་པ་རེད། དེ་མིན་ལྷན་ཚོགས་དེའི་ཐོག་ཚུགས་བཞུགས་གནང་བའི་འཛམ་གླིང་རི་དྭགས་སྲུང་སྐྱོབ་ཚོགས་པ་སོགས་ཀྱི་སྐུ་ཚབ་རྣམ་པ་ཚོས་ཀྱང་སྟོང་ལ་ཉེ་བའི་རི་དྭགས་སྲོག་ཆགས་སྲུང་སྐྱོབ་བྱ་རྒྱུའི་སྐོར་དང་དེ་བཞིན་ནུས་ཤུགས་སླར་ཡང་བེད་སྤྱོད་བྱ་རྒྱུ་དེས་ནུས་པའི་འབྱུང་ཁུངས་བེད་སྤྱོད་བྱ་རྒྱུ་ཉུང་དུ་ཕྱིན་ནས་ཆུ་དང་འཁོར་ཡུག་འབག་བཙོག་ཉུང་དུ་འགྲོ་རྒྱུར་ཕན་ཐོགས་ཡོད་པའི་ཁར་རི་དྭགས་སེམས་ཅན་སྲུང་སྐྱོབ་བྱ་རྒྱུར་ཕན་ཐོགས་ཡོད་པ་སོགས་ཁོར་ཡུག་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་ཐོག་ཕན་ཚུན་གྲོས་མོལ་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎