༸གོང་ས་མཆོག་འབེ་་ལ་ཀོ་པིར་ཞབས་སོར་འཁོད་པ།


2015.12.13
༸གོང་ས་མཆོག་ཧོན་སུར་དུ་ཆོས་འབྲེལ་ལེགས་གྲུབ་རྗེས་འབེ་ལ་ཀོ་པིར་ཞབས་སོར་འཁོར་པ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གི་དཔལ་ལྡན་རྒྱུ་སྨད་གྲ་ཚང་དུ་དཔལ་གསང་བ་བསྡུས་པའི་བཀའ་དབང་སོགས་ཆོས་འབྲེལ་ཁག་ལེགས་པར་གྲུབ་བཞག
པདྨ་དངོས་གྲུབ།

༄༅༎ཕྱི་ཟླ་༡༢ཚེས་༡༣རེས་གཟའ་ཉི་མའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གི་དཔལ་ལྡན་རྒྱུ་སྨད་གྲ་ཚང་དུ་དཔལ་གསང་བ་བསྡུས་པའི་བཀའ་དབང་སོགས་ཆོས་འབྲེལ་ཁག་ལེགས་པར་གྲུབ་ནས་ཉིན་རྒྱབ་འབེ་ལ་ཀོ་པི་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་གནང་བཞག དེ་རིང་ཞོག་པ་དཔལ་ལྡན་རྒྱུ་སྨད་གྲ་ཚང་དང་།ཧིན་སུར་གཞིས་ཆགས་ཀྱི་མི་མང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། དེ་བཞིན་༸གོང་ས་མཆོག་གིས་ དཔལ་ལྡན་རྒྱུ་སྨད་གྲ་ཚང་དུ་མདོ་ཕྱོགས་ཀྱི་སློབ་གཉེར་གནང་རྒྱུའི་ཆེད་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་གཞུང་གི་ཕྱག་དཔེ་དཔར་བསྐྲུན་གནང་རྒྱུ་དབུ་འབྱེད་གནང་ཡོད་པ་དང་། དེ་བཞིན་རྒྱུ་སྨད་གྲ་ཚང་གི་མཚམས་ཁང་གསར་བཞེངས་ལེགས་གྲུབ་ཟིན་པ་དབུ་འབྱེད་དང་རབ་གནས་གནང་རྗེས་དེ་རིང་ཉིན་གུང་ཧོན་སུར་རབ་རྒྱས་གླིང་ནས་ཆིབས་ཐོན་གནང་ནས་ལམ་ཞོར་དུ་རྒྱ་གར་ལྷོ་ཕྱོགས་འབེ་ལ་ཀོ་པི་གཞིས་ཁོངས་ཀྱི་ཁུ་དཔོན་རིན་པོ་ཆེ་མཆོག་གིས་འཛིན་སྐྱོང་གནང་བའི་དབང་པོ་སྐྱོན་ཅན་གསོ་སྐྱོང་བསྟི་གནས་ཁང་དཔལ་ལྡན་དགའ་ཚལ་གླིང་དུ་གཟིགས་སྐོར་གནང་ཡོད་འདུག  
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབེ་ལ་ཀོ་པི་བོད་མིའི་གཞིས་ཆགས་ནང་ཆིབས་བསྒྱུར་གནང་ཡོད་པ་དང་།སང་ཉིན་ཕྱི་ཚེས་༡༤ནས་དབུ་འཛུགས་ཀྱིས་ཉིན་བཞིའི་རིང་སེ་ར་ཆོས་སྒར་ནང་སེམས་དང་སྲོག་ཀྱི་བགྲོ་གླེང་ནང་ལྷན་བཞུགས་མཛད་རྒྱུའི་མཛད་འཆར་ཡོད་འདུག།
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎