ཐའེ་ལྦན་དུ་བོད་སོགས་དང་འབྲེལ་བའི་བགྲོ་གླེང་།

བོད་དང་རྒྱ་ནག་གཉིས་ནང་འགྲོ་བ་མིའི་གནས་སྟངས་ཀྱི་སྐོར་ལ་བགྲོ་གླེང་ལྷན་ཚོགས་༧གོང་ས་མཆོག་ལྷན་ཞུགས་གནང་རྒྱུར་རེ་འབོད།

2012.03.22

༄༅༎ཐའེ་ལྦན་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཙོ་བོར་གྱུར་བའི་ཚོགས་པ་ལྔ་ཡིས་མཚོ་ཁག་གཉིས་ཀྱིས་བོད་དང་ རྒྱ་ནག་གཉིས་ནང་འགྲོ་བ་མིའི་གནས་སྟངས་ཀྱི་སྐོར་ལ་བགྲོ་གླེང་ལྷན་ཚོགས་ཤིག་སྐོངས་འཚོགས་གནང་རྒྱུ་དེའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷན་ཞུགས་གནང་རྒྱུར་ཨེཕ་སྦི་དྲ་རྒྱ་བརྒྱུད་རེ་འབོད་སྙན་ཞུ་ཕུལ་གནང་ཡོད་པ་རེད་
དེ་ཡང་ཐའེ་ལྦན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ ཐའེ་ལྦན་ཡར་རྒྱས་ཚོགས་པ་ རིག་གཞུང་བརྗེ་ལེན་ལྷན་ཚོགས་ དེ་བཞིན་ཐའེ་ལྦན་ནང་ཡོད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་བཅས་མཉམ་རུབ་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གོང་ཞུས་ཐེ་ཝན་ནང་སྐོངས་འཚོགས་གནང་རྒྱུའི་བོད་དང་ རྒྱ་ནག་གཉིས་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་བགྲོ་གླེང་དེའི་ནང་མཉམ་ཞུགས་གནང་རྒྱུར་ཨེཕ་སྦི་དྲ་རྒྱའི་ཐོག་འབོད་སྐུལ་སྙན་ཞུ་འབུལ་གནང་ཡོད་པ་རེད་ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་ནང་ཆིབས་བསྒྱུར་གནང་རྒྱུའི་གདན་ཞུའི་ཡིག་ཆ་ཐའེ་ལྦན་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་འབུལ་རྒྱུ་ཡིན་ཞེས་ཐེ་ཝན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སུན་དལ་བན་ཡིས་གསལ་སྟོན་གནང་ཡོད་པ་དང་ ཡང་ཁོང་གིས་བགྲོ་གླེང་གི་དུས་ཚོད་ད་ལྟ་གཏན་འཁེལ་བྱུང་མེད་པ་ནི་ལས་དོན་གོ་སྒྲིག་བྱེད་མཁན་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ལན་འབྱོར་བའི་རྗེས་གཞི་ནས་གཏན་འཁེལ་བྱ་རྒྱུ་ཡིན་ལུགས་བརྗོད་འདུག ཁོང་སུན་ཡིས་བོད་ཀྱི་གནད་དོན་དང་འབྲེལ་བའི་ཐོག་བརྗོད་དོན་ ན་ནིང་ཕྱི་ཟླ་གསུམ་པ་ནས་འགོ་བཙུགས་ཀྱིས་བོད་མི་སྐྱ་སེར་༣༠་ཙམ་གྱིས་རང་ལུས་མེར་བསྲེག་གི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད་ཅེས་བློ་འཚབ་ཆེན་པོས་བརྗོད་ཡོད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎