དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་གྱི་རྩ་ཐང་ཐོག་མེ་སྐྱོན།

དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་གྱི་རྩ་ཐང་ཐོག་མེ་སྐྱོན་བྱུང་སྟེ་ཉུང་མཐར་མི་གྲངས་༢༢རྐྱེན་ལམ་དུ་ཕྱིན་ཡོད་པའི་གནས་ཚུལ་འདུག

2010.12.05

༄༅༎རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གི་ཤིང་ཧྰ་གསར་ཤོག་ཐོག་ལ། དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་གྱི་རྩ་ཐང་ཐོག་མེ་སྐྱོན་བྱུང་སྟེ་ཉུང་མཐར་མི་གྲངས་༢༢རྐྱེན་ལམ་དུ་ཕྱིན་ཡོད་པའི་གནས་ཚུལ་སྤེལ་བཞག

དེ་ཡང་ཤིང་ཧྰ་གསར་ཤོག་དེའི་ཐོག་ལ་གནས་ཚུལ་བཀོད་པར་གཞིགས་ན། རེས་གཟའ་ཉི་མའི་ཉིན་གུང་ཙམ་ལ་ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་གི་རྟའུ་ཁུལ་དུ་མེ་སྐྱོན་བྱུང་བ་དང༌། དེ་ཉིན་གྱི་ཆུ་ཚོད་༣པ་ཙམ་ལ་མེ་སྐྱོན་བཀག་འགོག་བྱེད་ཐུབ་པ་བྱུང་ཡོད་ཀྱང་ས་གནས་མི་དམངས་དང་དམག་མི་མེ་གསོད་ལས་ཀ་བྱེད་མཁན་མེ་སྐྱོན་ནང་དུ་ཚུད་དེ། རེས་གཟའ་ཉི་མའི་དགོང་དྲོ་བར་ཉུང་མཐར་མི་གྲངས་༢༢རྐྱེན་ལམ་དུ་ཕྱིན་པ་དང་མི་གཅིག་ལ་ཚབས་ཆེའི་རྨས་སྐྱོན་བྱུང་ཡོད་པ་རེད། རེས་གཟའ་ཉི་མའི་དགོང་དྲོ་གནས་ཚུལ་དེ་ཐོན་པའི་སྐབས་ལ། མེ་སྐྱོན་ནང་རྐྱེན་འདས་སུ་ཕྱིན་པའི་མི་༢༢དེའི་ནང་བོད་མི་ཇི་ཙམ་ཡོད་མེད་དང༌། རྨས་སྐྱོན་ཚབས་ཆེ་བྱུང་བ་དེ་བོད་མི་ཡིན་མིན། གནོད་འཚེ་བྱུང་བའི་མི་དེ་རྣམས་ཀྱི་མིང་དང་ཕོ་མོ་སོགས་གང་ཡིན་ངོ་སྤྲོད་དང༌། མེ་སྐྱོན་གྱི་དོན་རྐྱེན་ཇི་ལྟར་བྱུང་ཚུལ་སོགས་གནས་ཚུལ་ཞིབ་ཕྲ་སྤེལ་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎