བཞུགས་སྒར་དུ་གློ་ནད་སྔོན་འགོག་གི་ཉིན་མོ་སྲུང་བརྩི།

རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་རྡ་རམ་ས་ལར་འཛམ་གླིང་གི་ཊི་སྦི་འགོས་ནད་སྔོན་འགོག་གི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད།

2009.03.26

༄༅༎ལོ་ལྟར་བཞིན་འཛམ་གླིང་ནང་ཊི་སྦི་འགོས་ནད་སྔོན་འགོག་གི་ཉིན་མོ་སྲུང་བརྩི་ཞུ་གི་ཡོད་པ་བཞིན་རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་རྡ་རམ་ས་ལར་འཛམ་གླིང་གི་ཊི་སྦི་འགོས་ནད་སྔོན་འགོག་གི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད།

དེ་ཡང་འཛམ་གླིང་ཊི་སྦི་འགོས་ནད་དེ་ནི་གཙོ་བོ་ཁོར་ཡུག་གི་འཕྲོད་བསྟེན་ལེགས་པོ་བསྟན་པ་དང་ཟས་སྤྱོད་ཚུལ་བཞིན་བསྟེན་པའི་སྒོ་ནས་འགོས་ནད་དེ་སྔོན་འགོག་ཐུབ་པའི་གཙོ་བོའི་སྨན་བཅོས་ཀྱི་ཐབས་ལམ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་བཞིན་རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་དུ་བོད་མིའི་ནང་འགོས་དེ་སྔོན་འགོག་བྱ་ཐབས་སྐོར་ལ་འཛམ་གླིང་གི་ཊི་སྦི་ཉིན་མོ་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་བཙན་བྱོ་གཞུང་གི་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་ལགས་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་ཡོད་པའི་ཨི་ཊ་ལི་གཞུང་ཚབ་ཁང་གི་རྒྱལ་སྤྱིའི་ཡར་རྒྱས་འབྲེལ་མཐུད་གནང་མཁན་སྨན་པ་ལྕམ་སན་ཊ་མོལ་དང་དེ་བཞིན་མི་དམངས་ཉམས་ཐག་རིགས་ལ་བལྟ་རྟོགས་དང་རོགས་རམ་བྱེད་མཁན་ཨི་ཊ་ལི་མཉམ་འབྲེལ་ཚོགས་པའི་འབྲེལ་མཐུད་འགན་འཛིན་སྨན་པ་གུཨི་སི་སོགས་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཐད་འབྲེལ་བ་ཡོད་པའི་མི་སྣ་ཁག་མཉམ་ཞུགས་གནང་ཡོད་པ་རེད། དུས་དྲན་གྱི་མཛད་སྒོ་དེའི་ཐོག་བཙན་བྱོལ་བོད་གཞུང་གི་འཕྲོད་བསྟེན་བཀའ་བློན་མཆོག་གི་གསུང་བཤད་ནང་འགོས་ནད་ཅན་གྱི་ནད་གཞི་ཊི་སྦི་ཟེར་བ་དེ་ནི་འདས་པའི་མི་ལོ་ལྔ་བཅུ་རིང་གི་བཙན་བྱོལ་དུ་གནས་པའི་རིང་དུ་བོད་མིའི་སྤྱི་ཚོགས་ནང་ཡོད་པ་ཞིག་དང་འགོས་ནད་དེའི་རྐྱེན་པས་ཁྱིམ་ཚང་ནང་མི་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་ཡོད་ཅིང་ཡིན་ནའང་ད་ཆ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིལ་ལ་བརྟེན་ནས་བཙན་བྱོལ་སྤྱི་ཚོགས་ནང་ཊི་སྦི་འགོས་ནད་ཁྱབ་སྤེལ་འགྲོ་རྒྱུ་འགོག་ཐུབ་པ་བྱུང་ཡོད་པ་དང་དེའི་ཐོག་ལ་གོང་གསལ་ཨི་ཊ་ལི་ཚོགས་པ་ཁག་གཉིས་དང་དེ་བཞིན་རྒྱ་གར་གཞུང༌།བོད་གཞུང་བདེ་ལེགས་སྨན་ཁང་གི་ལས་བྱེད་པ་སོགས་ཀྱི་ཕྱག་ལས་འབད་བརྩོན་གནང་བའི་གྲུབ་འབྲས་ཡིན་པ་རེད་ཅེས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད། ལྷག་པར་དུ་ཁོང་གིས་མཛད་སྒོ་དེའི་ཐོག་ལ་དེང་སྐབས་བོད་མིའི་སྤྱི་ཚོགས་ནང་ཊི་སྦི་འགོས་ནད་སྔོན་འགོག་བྱ་གལ་འགངས་ཆེན་པོ་ཡིན་པ་མ་ཟད་དམིགས་བསལ་འཛམ་གླིང་ཐོག་ཚབས་ཆེ་བའི་འགོས་ནད་ཅན་གྱི་ནད་གཞི་ཨེཛ་སྔོན་འགོག་བྱ་རྒྱུ་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་པ་གསུངས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎