རྒྱ་ནག་ནང་ཤོག་སྒོར་སྒྲུག་སྐབས་མི་གྲངས་༣༦རྐྱེན་འདས་སུ་ཕྱིན་པ།


2015.01.02

རྒྱ་ནག་ཉེན་རྟོག་པས་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་འཐུས་སྒོ་ཚང་པོ་སྤེལ་མེད་པར་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག
ཕྱི་ལོ་གསར་བཞད་ཀྱི་སྔ་ནུབ་ཀྱི་དགོང་དྲོའི་ཚོུད་༡༡དང་སྐར་མ་༣༥ཡས་མས་སུ་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་གྱི་གྲན་དབྱིད་ཐང་ཆེན་ཞེས་པའི་ཐོག་ཕྱི་ལོ་གསར་བཞད་ལ་བསུ་བ་ཞུ་བར་མི་ཚོགས་ཧ་ཅང་འཕོན་ཆེ་འཛོམས་ནས་མི་ཚོགས་ཁྲོད་ཤོག་སྒོར་རྫུན་མ་ཕྱིར་དབྱུག་པའི་སྣང་ཚུལ་གྱིས་མི་རྣམས་ཀྱི་ཤོག་སྒོར་སྒྲུག་པར་འཚང་ཁ་བརྒྱབ་ནས་མི་གྲངས་༣༦ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། དེ་དག་མང་ཆེ་བ་གཞོན་སྐྱེས་སློབ་ཕྲུག་ཡིན་པ་རེད། ཧྲང་ཧེ་གྲོང་ཁྱེར་གཞུང་གི་གསར་འགྱུར་ལས་ཁང་གིས་གཞུང་འབྲེལ་ཕྱིར་བསྒྲགས་བསྒྲགས་གཏམ་སྤེལ་པའི་ནང་། རྐྱེན་འདས་སུ་ཕྱིན་པའི་ནང་མི་གྲངས་༡༡སྐྱེས་པ་དང་། མི་གྲངས་༢༡བེུད་ཡིན་ཞིང་། དེའི་ནང་ནས་ལོ་ཆུང་ཤོས་༡༢་དང་། ཆེ་ཤོས་༣༢ཡིན་ཚུལ་དང་། མི་གྲངས་༤༩རྨས་སྐྱོན་ཕོག་ཡོད་པ་འཁོད་འདུག་ལ་ད་དུང་སྤྱིར་བསྒྲགས་དེའི་ནང་། རྐྱེན་འདས་སུ་ཕྱིན་པའི་མི་མང་ཆེ་བ་རྡོག་རྫིས་ཐེབས་ནས་རྐྱེན་འདས་སུ་ཕྱིན་པ་ཞིག་མིན་པ་དང་། མང་པོ་ཞིག་དབུགས་འགག་ནས་རྐྱེན་འདས་སུ་ཕྱིན་ཡོད་པའི་སྐོར་འཁོད་ཡོད་འདུག
གནས་ཚུལ་བྱུང་བའི་རྗེས་གནས་ཚུལ་དངོས་མཐོང་མཁན་གྱི་གྲོང་མི་མང་པོས་མི་ཚོགས་ཧ་ཅང་ཆེ་བའི་འདུ་འཛོམས་དེ་རིགས་ལ་རྒྱ་ནག་ཉེན་རྟོག་པས་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་འཐུས་སྒོ་ཚང་པོ་སྤེལ་མེད་པར་སྐྱོན་བརྗོད་བྱེད་བཞིན་ཡོད་ཅིང་། སྐབས་དེ་དུས་ཐང་ཆེན་གྱི་བརྒྱུད་དུ་ཉེན་རྟོག་པ་ཉུང་ཉུང་ཡིན་པ་མ་ཟད་། རྒྱལ་སྟོན་རྟེན་འབྲེལ་གྱི་འདུ་འཛོམས་སྤེལ་བའི་སྐབས་ལས་ཉེན་རྟོག་པ་ཧ་ཅང་ཉུང་བ་ཡོད་པར་བརྟེན་མི་རྣམས་ཀྱིས་འཚང་ག་རྒྱབ་པའི་སྐབས་འཕྲལ་དུ་འཚང་ཁ་འགོག་ཐབས་ཀྱི་བདེ་འཇགས་ཀྱི་ལས་དོན་སྤེལ་ཐུབ་མེད་པ་མི་མང་པོས་བརྗོད་ཀྱི་ཡོད་འདུག རྒྱ་ནག་གི་ཕྱི་ཚུལ་འོད་སྟོང་འཕྲོ་བའི་རྣམ་པའི་འོག་གི་ཞན་ཕྱོགས་ཀྱི་རྣམ་པ་ཞིག་ཡང་གསལ་པོ་ཐོན་ཡོད་པ་རེད། ཡིན་ནའི་བཤད་ཚུལ་དེར་ཧྲང་ཧེ་གྲོང་ཁྱེར་གཞུང་གིས་ཁས་ལེན་བྱེད་ཀྱི་མེད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎