སྤྱི་ཚོགས་དྲ་རྒྱའི་ཐོག་མིང་འདྲ་མིན་རྫུན་བཟོས་བྱས་ནས་གནས་ཚུལ་བསྡུ་རུབ།


2017.12.11
སྐད་འཕྲིན་དམ་དྲག་དང་འབྲེལ་བའི་རི་མོ། སྐད་འཕྲིན་དམ་དྲག་དང་འབྲེལ་བའི་རི་མོ།
RFA

རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱིས་སྤྱི་ཚོགས་དྲ་རྒྱའི་ཐོག་མིང་འདྲ་མིན་རྫུན་བཟོས་བྱས་སྟེ་ཇར་མན་(Germany)་གྱི་དཔོན་རིགས་དང་ཆབ་སྲིད་པའི་མི་སྒེར་གྱི་གནས་ཚུལ་བསྡུ་རུབ་བྱེད་བཞིན་པ་(Germany)་གི་གསང་བའི་ལས་ཁུངས་ཀྱིས་ཕྱིར་བསྒྲགས་བྱས་འདུག
དེ་ཡང་(Reuters)་གསར་ཁང་གིས་སྤྱི་ཚེས་༡༠་ཉིན་(Germany)་གྱི་རྒྱལ་ས་(Berlin)ནས་གནས་ཚུལ་སྤེལ་བ་ལྟར་ན། (The BfV)་རྒྱལ་ནང་གི་གསང་བའི་ལས་ཁུངས་ཀྱིས་རྒྱུན་ལྡན་མིན་པའི་སྒོ་ནས་སྤྱི་ཚོགས་དྲ་རྒྱའི་ཐོག་མི་སྒེར་དང་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་མིང་རྫུན་བཟོས་བྱས་པའི་གནས་ཚུལ་ཐེར་བཏོན་གྱིས་དཔོན་རིགས་ཚོར་སྤྱི་ཚོགས་དྲ་རྒྱའི་ཐོག་རིན་ཐང་ཆེ་བའི་སྒེར་གྱི་གནས་ཚུལ་ཕྱིར་ཤོར་འགྲོ་བཞིན་པའི་ཉེན་བརྡ་བཏང་འདུག
ལས་ཁུངས་དེས་རྒྱ་ནག་གི་གསང་བའི་ལས་ཁུངས་དག་གིས་སྤྱི་ཚོགས་ཀྱི་དྲ་རྒྱ་དཔེར་ན་(LinkedIn)་ཞེས་པར་ཧ་ཅང་དོ་སྣང་གིས་དེ་བརྒྱུད་གསང་བའི་གནས་ཚུལ་དཔེར་ན། དྲ་རྒྱ་བེད་སྤྱོད་པོའི་གོམས་གཤིས་དང་། དབྱིངས་ལས། ཆབ་སྲིད་ཀྱི་དགའ་མོས་བཅས་ཀྱི་གནས་ཚུལ་བསྡུ་རུབ་བྱེད་བཞིན་པའི་གནས་སྟངས་ཡིན་པ་བརྗོད་འདུག
(the BfV)་གསང་བའི་ལས་ཁུངས་ཀྱིས་མུ་མཐུད་དུ་ཟླ་ངོ་དགུ་ཙམ་རིང་ཁོང་ཚོས་གནས་སྟངས་དེའི་ཐད་ཞིབ་འཇུག་བྱས་པའི་བརྒྱུད་(Germany)་གྱི་མི་སེར་ཁྲི་གཅིག་ཙམ་ལ་(LinkedIn)་ ཆེད་ལས་ཀྱི་དྲ་རྒྱའི་བརྒྱུད་དུ་སློབ་སྟོན་པ་དང་། ཉམས་ཞིབ་པ་ཡང་ན་སློབ་གཉེར་བ་བཅས་ཀྱི་མིང་འདྲ་མིན་རྫུན་བཟོས་བྱེད་མཁན་ཁག་གིས་ཁོ་ཚོ་དང་འབྲེལ་མཐུད་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་དང་། ད་དུང་དེ་ལས་མང་ཙམ་གྱི་སྒེར་བར་དམིགས་ཚད་བཟུང་བ་དང་། རྫུན་བཟོས་བྱས་པའི་མིང་ངོས་འཛིན་མ་ཐུབ་པའི་གྲངས་ཀ་མཐོ་པོ་ཡོད་སྲིད་པ་རེད་ཅེས་བརྗོད་འདུག
རེས་གཟའ་ཟླ་བའི་ཉིན་གནད་དོན་དེའི་སྐོར་པེ་ཅིང་དུ་གླེང་སློང་གནང་སྐབས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Lu Kang)་གིས་ཉེས་འཛུགས་དེ་ནི་གཞི་རྩ་མེད་པ་ཞིག་རེད་ཅེས་བརྗོད་དེ་ངོས་ལེན་བྱས་མི་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎