བོད་རྒྱའི་གྲོས་མོལ་གནང་བར་ཨ་རིས་བསྔགས་བརྗོད་གནང་བ།

ཨ་རིའི་སྲིད་འཛིན་ནས་རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་ དབར་གྲོས་མོལ་གནང་རྒྱུ་དེ་ཐབས་ལམ་ཡག་ཤོས་ཡིན་པ་གསུང་འདུག

2008.05.05

༄༅༎ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་བོད་ཀྱི་དབུ་འཁྲིད་༧གོང་ས་

ཏཱ་ལའི་བླ་མའི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་བོད་ནང་གི་བོད་མི་ཚོར་ཆོས་དང་རིག་གཞུང་ཐད་

རང་དབང་ཐོག་སྤྱོད་ཆོག་གི་མེད་པའི་སྐྱོན་བརྗོད་དེའི་ཐོག་བཀའ་མོལ་གནང་དགོས་སྐོར་གསུང་འདུག

ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སྐུ་ཞབས་ སི་ཀོཊི་སི་ཀྲེན་ཛེལ་ ཡིས་བོད་ནང་གི་གཞི་རྩའི་

གནད་དོན་ཁག་གི་དཀའ་རྙོག་སེལ་རྒྱུར་རྒྱ་ནག་གཞུང་དང་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་དབར་

གྲོས་མོལ་གནང་རྒྱུ་དེ་ཐབས་ལམ་ཡག་ཤོས་ཡིན་པ་རེད་ཅེས་གསུང་འདུག ཁོང་གིས་བོད་ནང་གི་

བོད་མི་ཚོས་རང་དབང་ཐོག་བྱེད་ཆོག་གི་མེད་པ་མ་ཟད་ཁོང་ཚོར་རིག་གཞུང་དང་རྩ་ཆེར་འཛིན་པའི་

རིན་ཐང་ཁག་ཡང་སྤྱོད་རྒྱུར་རང་དབང་མེད་སྟབས་ཕན་ཚུན་གྲོས་མོལ་གནང་རྒྱུ་དེ་ཐབས་ལམ་ཡག་ཤོས་

ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུང་འདུག ཡང་ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་གང་ཉིད་ཀྱིས་

བོད་ཀྱི་སྲིད་དོན་གྱི་གནས་བབ་ཐོག་འགྱུར་བ་གཏོང་རྒྱུའི་སྐོར་བཀའ་མོལ་གནང་གི་མེད་པ་

ནན་བརྗོད་གནང་འདུག རེས་གཟའ་ཉི་མ་ཉིན་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་དཔོན་རིགས་

རྣམས་ཉེ་ལམ་བོད་ནང་བོད་མི་ཚོས་གཟའ་འཁོར་བདུན་རིང་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་དེར་རྒྱ་ནག་

གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་རྗེས་ཕན་ཚུན་གྱི་མཇལ་ཕྲད་ཐོག་མ་དེ་རྒྱ་ནག་གི་གྲོང་ཁྱེར་

ཤན་ཀྲན་ནང་གནང་ཡོད་ཅིང་ ཤིན་ཏུ་གསང་བ་ཆེན་པོ་བྱས་པའི་མཇལ་མོལ་དེར་མ་འོངས་པར་མཇལ་མོལ་མུ་མཐུད་གནང་རྒྱུའི་ཐག་གཅོད་

བྱུང་ཡང་མཇལ་མོལ་དེའི་ཚེས་ཆ་དང་གྲུབ་འབྲས་ཇི་བྱུང་སྐོར་གསལ་ཆ་གང་ཡང་མེད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎