རྡོ་རྗེ་ཚེ་རིང་གི་སྐུ་ཕུང་ཞུགས་འབུལ་གནང་བ།


2016.03.06
རྡོ་རྗེ་ཚེ་བརྟན་གྱི་སྐུ་ཕུང་ཞུགས་འབུལ། བོད་མི་བརྒྱ་ཕྲག་མང་པོ་རྡོ་རྗེ་ཚེ་རིང་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་དུ་གདུང་སེམས་མཉམ་བསྐྱེད་ཞུ་བར་ཕེབས་ཡོད་པའི་གནས་ཚུལ།
བསྟན་འཛིན་དོན་ཡོད།

༄༅༎ཕྱི་ཟླ་༣ཚེས་༦རེས་གཟའ་ཉི་མའི་ཉིན་སེམས་སྡུག་གིས་མནར་བའི་བོད་མི་བརྒྱ་ཕྲག་མང་པོ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་རྡོ་རྗེ་ཚེ་རིང་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་དུ་གདུང་སེམས་མཉམ་བསྐྱེད་ཞུ་བར་ཕེབས་ཡོད་པ་རེད་།དེ་ཡང་ལོ་༡༦ ཡིན་པའི་མ་སུ་རི་བོད་སློབ་སློབ་གྲྭའི་འཛིན་རིམ་བཅུ་པ་ཡིན་པའི་སློབ་བུ་རྡོ་རྗེ་ཚེ་རིང་ལགས་ཀྱིས་ཕྱི་ཟླ་༢ཚེས་༢༩ རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་བྱང་ཕྱོགས་ས་གནས་ལྡེ་ར་ལྡུན་ཁུལ་དུ་བོད་དོན་ཆེད་དུ་རང་ལུས་མེར་སྲེག་བཏང་བའི་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སབ་རྡར་ཇང་སྨན་ཁང་དུ་མྱུར་སྐྱོབ་དང་སྨན་བཅོས་ཆེད་དུ་སྐྱེལ་ཡང་ཕྱི་ཟླ་༣ཚེས་༣རེས་གཟའ་ཕུར་བུའི་ཉིན་སབ་རྡར་ཇང་སྨན་ཁང་དུ་དགོངས་པ་རྫོགས་པར་བརྟེན་ཁོང་གི་སྐུ་ཕུང་ཕྱི་ཟླ་༣ཚེས་༥ རེས་གཟའ་སྤེན་པའི་ཉིན་ལྡི་ལི་ནས་བཞུགས་སྒར་རྡ་རམ་ས་ལར་འབྱོར་ཡོད་པ་རེད་།དེ་རིང་ཕྱི་ཟླ་༣ཚེས་༦ རེས་གཟའ་ཉི་མའི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལར་ཁོང་གི་སྐུ་ཕུང་ཞུགས་འབུལ་མ་གནང་གོང་དེར་བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་གྷན་ཇི་ས་གནས་སུ་བོད་མི་འདུ་འཛོམས་ཀྱིས་སྔོ་སྨོན་དང་སྨོན་ལམ་གསལ་འདེབས་ཞུས་ཡོད་པ་དང་། དེ་རྗེས་མི་མང་བརྒྱ་ཕྲག་མང་པོ་ཁོང་གི་སྐུ་ཕུང་ཞུགས་འབུལ་གནང་ཡུལ་དུ་གདུང་སེམས་མཉམ་བསྐྱེད་ཞུ་བར་ཕེབས་ཡོད་པ་རེད་།
རྡོ་རྗེ་ཚེ་རིང་ལགས་ཀྱི་ཨ་མ་ཉི་མ་དབྱངས་སྐྱིད་ལགས་ཀྱིས་། བོད་མི་ན་གཞོན་ཚོར་ཁོང་གི་བུ་རྡོ་རྗེ་ཚེ་རིང་གིས་བོད་དོན་ཆེད་དུ་རང་ལུས་མེར་སྲེག་བཏང་བའི་ལམ་དུ་མ་བསྐྱོད་པར་ཤེས་ཡོན་ལ་སྦྱང་བརྩོན་བྱས་ནས་བོད་དོན་ཆེད་དུ་ལས་ཀ་བྱེད་རྒྱུ་མང་པོ་ཡོད་པ་དང་། བོད་དང་བོད་མི་རིགས་ཀྱི་ཆེད་དུ་སློབ་སྦྱོང་དང་ལས་དོན་གཞན་གྱི་ཐོག་ནས་ནུས་པ་བཏོན་ཐུབ་རྒྱུ་ཡོད་པའི་རེ་སྐུལ་ནན་པོ་ཞུས་ཡོད་པ་རེད་།།
གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎