རྒྱ་གར་ནང་གི་རིགས་རུས་ཀྱི་དཀའ་རྙོག་མུ་མཐུད་སྤེལ་བ།


2016.02.21
རྒྱ་གར་ནང་གི་རིགས་རུས་ཀྱི་དཀའ་རྙོག་མུ་མཐུད་སྤེལ་བ། རིགས་རུས་ཀྱི་ཐོག་ནས་གཞུང་གི་ལས་གནས་དང་མཐོ་རིམ་སློབ་གྲྭའི་ཐོབ་ཐང་མི་ཐོབ་མཁན་མང་ཚོགས་ཀྱིས་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་བ།
ཨེ་ཨེཕ་པི།

༄༅༎རྒྱ་གར་བྱང་ཕྱོགས་མངའ་སྡེ་དེའི་ནང་ཡོད་པའི་རིགས་རུས་ཀྱི་ཐོག་ནས་གཞུང་གི་ལས་གནས་དང་མཐོ་རིམ་སློབ་གྲྭའི་ཐོབ་ཐང་མི་ཐོབ་མཁན་མང་ཚོགས་སྟོང་ཕྲག་མང་པོས་གཟའ་འཁོར་གཅིག་རིང་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་ནས་མཐར་རེས་གཟའ་སྤེན་པའི་ཉིན་ངོ་རྒོལ་བྱེད་མཁན་ཚོས་ཁང་པ་མེ་སྲེག་བཏང་བ་དང་། རི་ལི་འབབ་ཚུགས་དང་རྒྱ་ལམ་བཀག་ཏེ་དྲག་པོའི་ཟིང་ཆ་ལངས་སྟེ་། གཞུང་གིས་དམག་མི་སྟོང་ཕྲག་འགྲེམས་འཇོག་བྱས་ཏེ་བདེ་འཇགས་ཀྱི་ལས་དོན་དམ་དྲག་ཆེ་རུ་བཏང་ཡང་ངོ་རྒོལ་བྱེད་མཁན་ཚོས་དྲག་པོའི་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་ཡོད་པ་རེད་།   དཔེར་ན་མངའ་སྡེ་དེའི་Rohtak རྫོང་ནང་དུ་ངོ་རྒོལ་བྱེད་མཁན་ནས་ཁང་པ་ཐོག་རྩེགས་ཅན་བཅུ་གྲངས་མེ་སྲེག་བཏང་བ་དང་།་ཚོང་ཁང་འཕྲོག་བཅོམ་བྱེད་པ་། རྒྱ་ལམ་ཐོག་ཏུ་བཙུགས་པའི་ཛ་དྲག་གི་དངུལ་མར་ལེན་སའི་ཁང་པ་གཏོར་ནས་འཕྲོག་བཅོམ་བྱེད་པའི་གནས་ཚུལ་བྱུང་ཡོད་པ་དང་། ས་གནས་ཀྱི་ཉེན་རྟོག་དཔོན་ཞིག་གིས་། ད་དུང་མངའ་སྡེ་དེའི་ས་གནས་ཁག་ཅིག་ནང་གི་གནས་སྟངས་མུ་མཐུད་ཧ་ཅང་གི་ཛ་དྲག་ཡོད་པ་དང་། ས་གནས་དེ་ཚོ་ཉེན་རྟོག་པའི་བཀག་འགོག་འོག་ཏུ་མེད་པ་མ་ཟད་།ངོ་རྒོལ་བྱེད་མཁན་ནས་ས་གནས་ཀྱི་ལས་ཁུངས་ཨ་མའི་རྒྱ་ལམ་མཐའ་སྐོར་ནས་བསྡད་ནས་ངོ་རྒོལ་བྱེད་བཞིན་ཡོད་ལ་། རེས་གཟའ་པ་སངས་ནས་གཟའ་སྤེན་པ་བར་ཟིང་ཆའི་དོན་རྐྱེན་ནང་ཁྱོན་མི་གྲངས་བཅུ་ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་མི་གྲངས་༡༥༠ ལྷག་རྨས་སྐྱོན་ཕོག་ཡོད་པ་རེད་།།
གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎