བོད་ཤར་ཕྱོགས་དཀར་མཛེས་ཁུལ་དུ་རྒྱ་གཞུང་ལ་ངོ་རྒོལ།

ཚེས་༡༥ཉིན་དཀར་མཛེས་ཁུལ་དུ་བོད་མི་ཉིས་སྟོང་ལྷག་འདུ་འཛོམས་བྱས་ཏེ་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་འདུག

2012.04.24

༄༅༎ཕྱི་ཟླ་བཞི་པའི་ཚེས་༡༥ ཉིན་བོད་ཤར་ཕྱོགས་དཀར་མཛེས་ཁུལ་དུ་བོད་མི་ཉིས་སྟོང་ལྷག་འདུ་འཛོམས་བྱས་ཏེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་པའི་སྐོར་དེ་རིང་ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག
དེ་ཡང་བཙན་བྱོལ་ནང་དུ་བཞུགས་པ་སྐུ་ཞབས་ཐུབ་བསྟན་ཆོས་འཕེལ་ལགས་ཀྱིས་དཀར་མཛེས་སུ་ཞལ་པར་བཏང་སྟེ་གནས་ཚུལ་ཤེས་རྟོགས་བྱུང་བ་ངོ་སྤྲོད་གནང་བའི་ནང༌། བོད་མི་དེ་རྣམས་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཏེ། ཁ་སྔོན་ཕྱི་ཟླ་བཞི་པའི་ཚེས་༡༤ ཉིན་རྒྱ་ནག་གཞུང་གིས་བོད་མི་ཉིས་བརྒྱ་ལྔ་བཅུ་ཙམ་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་འགྲོལ་གཏོང་དགོས་པའི་འབོད་ཚིག་སྒྲོག་ཡོད་པའི་སྐོར་གསུང་ཡོད་ཅིང༌། བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟི་གནས་ཁང་གིས་གསུང་ན། རྒྱ་ནག་གཞུང་གིས་བོད་མི་ཉིས་བརྒྱ་ལྔ་བཅུ་འཛིན་བཟུང་བྱས་པའི་དོན་རྐྱེན་དེ་ནི།དཀར་མཛེས། ཟླ་ཐལ་མ་འབྲོག་སྡེའི་ས་གནས་བཀྲ་ལེགས་ཡུལ་ཚོར། ཟླ་བ་འདིའི་ཕྱི་ཚེས་༡༤ ཉིན་དཀར་མཛེས་རྫོང་གི་ཉེན་རྟོག་པ་དང༌། དྲག་ཆས་དམག་མི་༣༠༠ ཙམ་སླེབས་ཏེ། ས་གནས་དེའི་ནང་དུ་ཟླ་ཡུལ་མཐུན་སྒྲིལ་ཚོགས་པ་ཞེས་པ་ཞིག་བཙུགས་ཡོད་པ་དེ་ནི། བོད་དོན་གྱི་ལས་དོན་སྤེལ་མཁན་ཡིན་པའི་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ། ཚོགས་པ་དེ་འཛུཌ་མི་ཆོག་པའི་བཙན་བཀའ་བཏང་བ་མ་ཟད། ཚོགས་པ་དེའི་ཚོགས་གཙོ་དོན་རྟོགས་ལགས་སོགས་བོད་མི་ཉིས་བརྒྱ་ལྔ་བཅུ་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང༌། ཟླ་ཡུལ་མཐུན་སྒྲིལ་ཚོགས་པ་དེ་ནི། ༢༠༠༨ ལོར་ས་གནས་ཚོ་སྡེ་བཅུ་གསུམ་གྱིས་གནད་ཡོད་མི་སྣ་ཁག་ཅིག་གིས་བཙུགས་ཏེ། སྡེ་པ་ཕན་ཚུན་གྱི་བོད་མི་ནང་ཁུལ་དུ་འཕྲད་བཞིན་པའི་རྒྱུན་ལྡན་གྱི་རྙོག་དྲའི་རིགས་མི་འབྱུང་བ་དང༌། ཚོ་སྡེ་དེ་དག་གི་བདེ་འཇགས་སྲུང་སྐྱོབ་དང༌། ནང་ཁུལ་མཐུན་སྒྲིལ་ཡོང་བར་གཞོགས་འདེགས་བྱེད་རྒྱུར་དམིགས་པ་ཞིག་ཡིན་པར་བརྟེན་ནས་་རྒྱ་ནག་གཞུང་གིས་ཉེས་མེད་ཉེས་བཙུགས་དེར་བོད་མི་ཚོས་ངོས་ལེན་མ་བྱས་པའི ཁར། ད་དུང་ཕྱི་ཚེས་༡༥ ཉིན་དེར་བོད་མི་ཉིས་སྟོང་ལྷག་འདུ་འཛོམས་ཀྱིས་ ཕྱི་ཚེས་༡༤ ཉིན་ཉེན་རྟོག་པས་བོད་མིའི་ཐོག་ཉེས་རྡུང་བཏང་བ་དང་འཛིན་བཟུང་བྱས་པའི་བྱ་སྤྱོད་ལ་ངོ་རྒོལ་མུ་མཐུད་བྱས་པ་ཞིག་ཡིན་པའི་གནས་ཚུལ་འགྲེལ་བརྗོད་གནང་ཡོད་པ་རེད། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎