རྒྱ་ནག་ཆོས་དད་རང་དབང་ལ་དམ་དྲག་བྱེད་མཁན་རྒྱལ་ཁབ་གཙོ་བོར་ངོས་འཛིན།


2018.09.07
མདོ་སྨད་བླ་བྲང་ཕྱོགས་སུ། མདོ་སྨད་བླ་བྲང་ཕྱོགས་སུ།
རང་དབང་ཁང་པ།

ཡོ་རོབ་གྲོས་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཚོགས་ཀྱིས་རྒྱ་ནག་ནི་རྒྱལ་སྤྱིའི་ནང་ཆོས་དད་རང་དབང་ལ་དམ་དྲག་བྱེད་མཁན་རྒྱལ་ཁབ་གཙོ་བོར་ངོས་འཛིན་བྱས་འདུག
ཡོ་རོབ་གྲོས་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཚོགས་ཀྱིས་རྒྱ་ནག་ནི་རྒྱལ་སྤྱིའི་ནང་ཆོས་དད་རང་དབང་ལ་ཚབས་ཆེའི་དམ་དྲག་བྱ་མཁན་གྱི་རྒྱལ་ཁབ་གཙོ་བོའི་གྲས་སུ་ངོས་འཛིན་བྱས་པ་ཡོརོབ་གྲོས་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཚོགས་ནས་རྒྱལ་སྤྱིའི་ཐོག་ཆོས་དད་རང་དབང་གི་གནས་བབས་ཐད་ཉེ་ལམ་ལོ་འཁོར་གྱི་སྙན་ཐོ་ཐེངས་བཞི་པ་འདོན་སྤེལ་བྱས་ཡོད་པ་དེའི་ནང་གསལ་འདུག སྙན་ཐོ་དེའི་ནང་རྒྱལ་ཁབ་༡༢༢ ཀྱི་ཆོས་དད་རང་དབང་གི་གནས་སྟངས་ལ་ཞིབ་འཇུག་བྱས་པའི་གྲུབ་ཐོ་བཀོད་པར་མ་ཟད། དམིགས་བསལ་རྒྱལ་ཁབ་༣༠ཐམ་པའི་ནང་། ཆོས་དད་རང་དབང་གི་གནས་ཚད་དང་། ཆོས་དད་རང་དབང་བརྡལ་བཤིག་བཏང་བའི་མི་འབོར་ཁྱབ་ཚད་བཅས་ལ་རྟོག་ཞིབ་བྱས་འདུག
རྒྱ་ནག་ནི་འཛམ་གླིང་ནང་གི་ཆོས་དད་རང་དབང་ལ་ཚབས་ཆེན་གྱི་བརྡལ་བཤིག་གཏོང་མཁན་རྒྱལ་ཁབ་སུ་ངོས་འཛིན་བྱས་པའི་རྒྱུ་མཚན་གསལ་འདོན་བྱས་པའི་ནང་། རྒྱ་ནག་གཞུང་གིས་བོད་ཁྱོན་ཡོངས་དང་ལྷག་པར་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་ཏུ་བོད་མིའི་ཆོས་དད་རང་དབང་ཐོག་དམ་བསྒྲགས་སུན་གཙེར་བཟོས་པ་དེར་བློ་འཚབ་ཡོད་པའི་དོན་ཚན་ཁག་ཅིག་གསལ་སྟོན་བྱས་འདུག་ཅིང་། དེ་ཡང་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་ ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་༧སྐུ་པར་བསྒྲིགས་གཤོམ་བྱ་རྒྱུས་མཚོན་པའི་དད་གུས་ཞུ་རྒྱུའི་རང་དབང་འཕྲོག་པ་མ་ཟད། གསེར་རྟ་བླ་རུང་སྒར་ནང་བསྟན་སློབ་གླིང་གི་དགེ་བཙུན་རྣམས་ཀྱི་བཞུགས་གནས་གཏོར་བཤིག་བཏང་བ་སོགས་བོད་མིའི་ཆོས་དད་རང་དབང་ལ་བརྡལ་བཤིག་ཚབས་ཆེན་བཏང་དང་གཏོང་བཞིན་པའི་གནས་ལུགས་དཔེ་མཚོན་དང་བཅས་པ་ལུང་འདྲེན་གནང་འདུག
དེ་བཞིན་ཡང་གོང་གསལ་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་ནས་བོད་དང་ཡུ་གུར་མི་རིགས་རྣམས་ལ་དྲང་བདེན་མིན་པའི་སྲིད་བྱུས་འོག་སྡོད་ཁྱིམ་དང་འཚོ་ཐབས། ཚོང་ལས་སོགས་ཀྱི་གོ་སྐབས་མེད་པའི་ཁར་མཐོང་ཆུང་ཁྱད་གསོད་དང་། མི་རིགས་དབྱེ་འབྱེད། འཛིན་བཟུང་བཙོན་འཇུག་ལ་སོགས་པའི་ཚབས་ཆེའི་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་པར་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎