བོད་རྒྱལ་ཁབ་སྡུག་ཤོས་ཀྱི་འོག་གནས་ཡོད་པ་གསལ་བཏོན་གནང་བ།


2016.01.27
འཛམ་གླིང་ནང་གི་རང་དབང་ཞེས་པའི་ལོ་འཁོར་སྙན་ཐོ། ༢༠༡༦།༡།༢༧ འཛམ་གླིང་ནང་གི་རང་དབང་ཞེས་པའི་ལོ་འཁོར་སྙན་ཐོ། ༢༠༡༦།༡།༢༧
དྲ་བཤུས

བོད་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་སྡུག་ཤོས་འོག་གནས་ཡོད་པའི་གྲས་སུ་ཡོད་པ་སྙན་ཐོ་བཏོན་འདུག
དེ་ཡང་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ནང་རྟེན་གཞི་བྱེད་པའི་Freedom Houseའམ་རང་དབང་གི་ཁང་པས་Freedom in the World 2015ཞེས། ཕྱི་ལོ་༢༠༡༥་ལོར་འཛམ་གླིང་ནང་གི་རང་དབང་ཞེས་པའི་ལོ་འཁོར་སྙན་ཐོ་དེ་རིང་གཟའ་ལྷག་པའི་ཉིན་འདོན་སྤེལ་གནང་ཡོད་པ་དང་། དེའི་ནང་བོད་ནི་དྲག་གནོན་ཆེ་བ་དང་། ལྐོག་ཟ་རུལ་སུངས། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་སྡུག་ཤོས་འོག་གནས་པའི་གྲས་སུ་ཚུད་པ་འཁོད་འདུག
འཛམ་གླིང་ནང་གི་མི་འབོར་གསུམ་ཆ་གཅིག་ལྷག་གམ་མི་མང་ཐེར་འབུམ་གཉིས་དང་གྲངས་ཆུང་༦་ལྷག་དྲག་གནོན་དང་། ལྐོག་ཟ་རུལ་སུངས། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་འོག་གནས་ཡོད་པ་དང་། དེ་ཚོའི་ནང་ནས་ཀྱང་གནས་སྟངས་སྡུག་ཤོས་ཡོད་པའི་རྒྱལ་ཁབ་ཁག་ནི་སི་རི་ཡ་དང་། བོད། Somaliབཅས་ཡིན་སྐོར་དང་།
ཕྱི་ལོ་༢༠༡༥་ལོ་དེ་ནི་མི་མང་པོ་ཡུལ་གཞན་ལ་གནས་སྤོ་བྱས་པ་དང་། གཞུང་དང་ཆབ་སྲིད་བལྟ་སྤྱོད་ཐ་དད་འཛིན་མཁན་ཚོའི་ཐོག་དྲག་གནོན། ཕྱི་མིར་སྡང་འཛིན། དྲག་པོའི་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་བཏང་བ་སོགས་ཀྱིས་བཟོ་བལྟ་བཟོས་པ་དང་གོ་ལ་ཡོངས་ནང་འགྲོ་བ་མིའི་ཐོབ་ཐང་ལོ་༡༠་བསྟུད་མར་ཉམས་རྒུད་ཕྱིན་འདུག
རང་དབང་གི་ཁང་པས་ཆབ་སྲིད་རང་དབང་དང་། སྤྱི་མང་གི་ཐོབ་ཐང་ལ་གཞིགས་ནས་འཛམ་གླིང་ནང་གི་རྒྱལ་ཁབ་༡༩༥ར་ཞིབ་འཇུག་བྱས་རྗེས་རྒྱལ་ཁབ་༨༩་རང་དབང་ཡོད་པ་དང་། རྒྱལ་ཁབ་༥༠་རང་དབང་མེད་པ། རྒྱལ་ཁབ་༥༩་ཕྱེད་རང་དབང་ཡིན་པར་རྩིས་འདུག
རང་དབང་ཁང་པས་བོད་སྐོར་ཀ་ནས་ཇ་བར་དོན་ཚན་༧་བདུན་ཅན་གྱི་སྙན་ཐོ་ཟུར་དུ་བཏོན་པའི་ནང་། ཕྱི་ལོ་༢༠༡༤་ལོར་བོད་མི་༡༡་གིས་རང་ལུས་མེར་བསྲེགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གནང་བར། རྒྱ་གཞུང་གིས་བརྒྱུད་ལམ་ཁག་ལ་དམ་བསྒྲགས་དང་བོད་མི་མང་ལ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་བ། བོད་མིའི་འགྲོ་འོང་ལ་དམ་བསྒྲགས་བྱས་པ། དགོན་སྡེ་ཁག་ལ་སྟངས་འཛིན་དོ་དམ་བྱེད་ཤུགས་ཆེ་བ་བཏང་བ་མ་ཟད། ཕྱི་ལོ་༢༠༠༨་ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་བོད་ས་ཡོངས་ལ་དམ་བསྒྲགས་སྔར་བས་བྱེད་ཤུགས་ཆེ་རུ་བཏང་བ། སྔ་ལོའི་ལོ་མཇུག་བར་བོད་རྒྱ་འབྲེལ་མོལ་མ་བྱུང་བའི་ཁར་རྒྱ་གཞུང་གིས་ཕྱི་རྒྱལ་གྱི་དཔོན་རིགས་རྣམས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུ་མི་དགོས་པ་དང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་མོས་མཐུན་རྒྱབ་སྐྱོར་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་སྐོར་སོགས་ཀྱང་བཀོད་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎