འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཀྱི་སྙན་ཐོ།

འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཕྱི་ལོ་ཉིས་སྟོང་དགུ་ལོའི་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ།

2010.01.13

༄༅༎རང་དབང་ཁང་པ་ཞེས་ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཕྱི་ལོ་ཉིས་སྟོང་དགུ་ལོའི་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་ཡོད་པའི་ནང་འཛམ་གླིང་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་ཡས་ཀྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པའི་སྐོར་གསལ་སྟོན་གནང་ཡོད་པ་རེད་      

སྙན་ཐོ་དེའི་ནང་ཨཕ་རི་ཁ་དང་ལྷོ་ཨ་མི་རི་ཀ་ དཀྱིལ་ཤར་ཡུལ་གྲུ་ དེ་བཞིན་དེ་སྔོན་ཨུ་རུ་སུའི་མངའ་འོག་གི་ཡུལ་གྲུ་ཁག་ཅིག་སོགས་ནང་ སྤྱི་འབངས་ཀྱི་ཆབ་སྲིད་དང་རང་དབང་གི་ཐོབ་ཐང་ཇེ་སྡུག་ཏུ་ཕྱིན་ཡོད་ཅིང་རང་དབང་ཁང་པ་འམ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེས་བཏོན་པའི་ལོ་འཁོར་སྙན་ཐོ་དེའི་ནང་འཛམ་གླིང་ཁྱོན་ཡོངས་སུ་སྤྱི་འབངས་ཚོར་འགྲོ་བ་མིའི་ཐོབ་ཐང་རང་དབང་ཡོངས་སུ་ལོངས་སྤྱོད་བྱ་རྒྱུ་ཡོད་པའི་ཡུལ་གྲུ་༨༩དང་ཕྱེད་རང་དབང་ཡོད་པའི་ཡུལ་གྲུ་༥༨དེ་མིན་རང་དབང་ཐོབ་ཐང་མེད་པའི་ཡུལ་གྲུ་༤༧ཡོད་པ་གསལ་སྟོན་བྱས་ཡོད་ཅིང་ཕྱི་ལོ་ཉིས་སྟོང་དགུ་ལོར་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྡུག་ཤོས་ཀྱི་རྒྱལ་ཁབ་འབར་མ་དང་བྱང་ཀོ་རི་ཡ་ ལི་སྦི་ཡ་ སོ་མ་ལི་ཡ་ སུའུ་ཌའན་ རྒྱ་ནག་སོགས་ཡུལ་གྲུ་ཁག་ཅིག་མིང་འདོན་བྱས་ཡོད་པ་དང་འཛམ་གླིང་ཁྱོན་ཡོངས་སུ་འདས་པའི་ལོ་ངོ་བཞིའི་རིང་མུ་མཐུད་ནས་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་གསལ་སྟོན་གནང་ཡོད་འདུག རང་དབང་ཁང་པའི་ཉམས་ཞིབ་པས་བརྗོད་དོན་ལྟར་ན་རྒྱ་ནག་གཞུང་གིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཨོ་ལིམ་ཕིག་རྩེད་འགྲན་མ་ཚུགས་སྔོན་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་གཏོང་རྒྱུ་སོགས་ཁས་ལེན་བྱས་ཡོད་ན་ཡང་དོན་དངོས་ཐོག་དམངས་གཙོའི་ལམ་ལུགས་སུ་བསྒྱུར་བཅོས་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ལས་དོན་གང་ཡང་སྤེལ་མེད་པའི་ཁར་ན་ནིང་རྒྱ་ནག་ནང་མུ་མཐུད་ནས་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་ཚོའི་ཐོག་དམ་བསྒྲགས་དང་ཁྲིམས་ལུགས་ཐོག་བཏང་འཛིན་བྱེད་ཡས་ ཆོས་ལུགས་ཀྱི་གནད་དོན་ཐོག་ བོད་དང་ཤིན་ཅང་ ས་གནས་དང་ དེ་བཞིན་ཡི་ཤུའི་ཆོས་དད་པ་དང་ཕ་ལན་ཀུང་ཆོས་འཁོར་སྒོམ་སྒྲུབ་ཚོགས་མི་སོགས་ཀྱི་ཐོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་ལྷག་པར་དུ་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་རྗེས་བོད་ནང་རྒྱ་ནག་གི་དམག་དཔུང་ཤུགས་ཆེ་འགྲེམས་འཇོག་བྱས་ནས་དེས་མི་མང་ཚོ་བོད་ནང་འགྲོ་བསྐྱོད་བྱ་རྒྱུར་དཀའ་ངལ་ཆེན་པོ་བཟོས་ཡོད་པ་སོགས་ཀྱིས་རྒྱ་ནག་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་འབངས་ལ་རང་དབང་མེད་པའི་ཡུལ་གྲུའི་གྲས་སུ་མིང་འདོན་བྱས་ཡོད་པ་གསུང་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎