རྒྱ་ནག་གི་ཚོང་ཟོག་ལ་ངོ་རྒོལ་གནོན་ཤུགས་སྤྲོད་ཐབས།
2012.11.01
དེ་ཡང་ཡུ་རོབ་སྐུ་ཚབ་དོན་གཅོད་ཁང་ནས་གནས་ཚུལ་བཏང་དོན། ཕ་རན་སིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Lionel Luca ལགས་ཀྱིས་ རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་ང་ཚོས་ངོ་རྒོལ་གྱི་རྣམ་འགྱུར་གང་ཡང་མ་བསྟན་པར་བཏང་སྙོམས་སུ་གནས་པར་བརྟེན། བོད་རྩ་མེད་དུ་འགྲོ་བཞིན་ཡོད་ རྒྱ་ནག་གི་རྩ་ཁྲིམས་ནང་བོད་མི་ཚོར་ཆོས་དད་རང་དབང་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་ཐོབ་ཐང་བཀོད་ཡོད་པ་རྣམས་ལ་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་བཏང་བར་བརྟེན། ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ནང་དུ་བོད་མི་ ༦༢ གྱིས་རང་ལུས་མེར་སྲེག་བཏང་སྟེ་། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་བྱས་ཡོད་པ་མ་ཟད་། འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་བདུན་ཕྲག་གཅིག་གི་ནང་དུ་བོད་མི་ ༧ གྱིས་རང་ལུས་མེར་སྲེག་བཏང་ཡོད། ད་བར་སྲིད་གཞུང་སུས་ཀྱང་རྒྱ་ནག་གཞུང་གི་བྱ་སྤྱོད་དེར་སྐྱོན་བརྗོད་བྱ་རྒྱུའི་རྣམ་འགྱུར་གང་ཡང་མ་བསྟན་པར་བརྟེན་མང་ཚོགས་ཀྱིས་རྒྱ་ནག་གིས་བཟོས་པའི་དངོས་ཟོག་ཉོ་ཚོང་བྱ་རྒྱུར་ངོ་རྒོལ་བྱས་ཏེ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལ་རྩིས་མེད་བཏང་བའི་བྱ་སྤྱོད་དེ་དག་ལ་འགོག་རྐྱེན་གྱི་གནོན་ཤུགས་སྤྲོད་ཐབས་བྱེད་དགོས། དེ་མིན་ང་ཚོར་ད་ལྟའི་ཆར་གདམ་ཁ་གཞན་གང་ཡང་མེད་ཅེས་ཕེརན་སི་མང་ཚོགས་ལ་འབོད་སྐུལ་བྱས་ཡོད་པ་རེད་།