འཇིཊ་བྱེད་སྐྱབས་སོཊ་ལ་ཁྲིམས་ཐག་བཅད་རྗེས་གློད་བཀྲོལ་བཏང་བ།


2016.04.11
འཇིགས་བྱེད་སྐྱབས་སོགས་བོད་མི་བཞི་ལ་མཛོད་དགེ་རྫོང་མི་དམངས་ཁྲིམས་ཁང་ནས་ཁྲིམས་བཤེར་སྐབས། ༢༠༡༦།༣།༣༡ འཇིགས་བྱེད་སྐྱབས་སོགས་བོད་མི་བཞི་ལ་མཛོད་དགེ་རྫོང་མི་དམངས་ཁྲིམས་ཁང་ནས་ཁྲིམས་བཤེར་སྐབས། ༢༠༡༦།༣།༣༡
བོད་འབྱོར། བློ་བྷེ།

མཛོད་དགེ་ཐང་སྐོར་གྱི་ས་དོན་དུ་འཛིན་བཟུང་བྱས་པའི་བོད་མི་བཞི་བོར་ཁྲིམས་ཐག་བཅད་རྗེས་སྤྱི་ཚོགས་ཁྲོད་ནས་ཁྲིམས་ཁ་བཀང་ཆོག་པ་བཟོས་འདུག
ཉེ་སྔོན་རྔ་བ་མཛོད་དགེ་རྗོང་གི་ཐང་སྐོར་སྡེ་པའི་བོད་མི་བཞི་ལ། ས་གནས་ཀྱི་ས་ཆའི་སྐོར་ཞུ་གཏུགས་བྱས་བའི་གནད་དོན་ཐོག་བཀག་ཉར་བྱས་ནས་ཁྲིམས་ཞིབ་བྱས་པའི་ནང་བོད་མི་བཞི་ལ་ལོ་ངོ་གཉིས་ནས་གསུམ་གྱི་ཁྲིམས་ཐག་བཅད་ཡོད་ཀྱང་། བཙོན་ཁང་ནང་དུ་སྡོད་མི་དགོས་པར་སྤྱི་ཆོགས་ཁྲོད་དུ་བཙོན་པ་ནང་ལྟར་འཚོ་བ་བསྐྱལ་ན་འགྲིག་པའི་ཐག་གཅོད་ལ་མོས་མཐུན་ཐོག་ནས་གློད་བཀྲོལ་བྱས་འདུག
དེ་ཡང་འདི་གའི་གསར་འགོད་པ་བློ་བྷེ་ཡིས་བཏང་བའི་གནས་ཚུལ་ལྟར་ན། ཉེ་བའི་ཕྱི་ཟླ་བཞི་པའི་ཚེས་༡༡་ཉིན་རྔ་བ་མཛོད་དགེ་རྗོང་གི་མི་མང་ཁྲིམས་ཁང་གིས། ས་ཆའི་རྩོད་རྙོག་ཀྱི་གནད་དོན་ཐོག་འཛིན་བཟུང་བཀག་ཉར་བྱས་ནས་ཁྲིམས་ཞིབ་བྱས་པའི་བོད་རིགས་ཕུར་ཁོ་དང་། རིན་རྡོ་གཉིས་ལ་ལོ་ངོ་གཉིས་ཀྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། དེ་བཞིན་འཇིགས་བྱེད་སྐྱབས་ལ་ལོ་ངོ་གསུམ་དང་། ཀིརྟི་ཡེ་ཤེས་ལ་ལོ་གཉིས་ཀྱི་བཙོན་འཇུག་གི་ཁྲིམས་ཆད་བཅད་ཡོད་པ་རེད།
འོན་ཀྱང་ཁོང་རྣམས་བཙོན་ཁང་ནང་སྡོད་མི་དགོས་བར་སྤྱི་ཚོགས་ཀྱི་ཁྲོད་དུ་བཙོན་པ་ནང་བཞིན་ཟླ་བ་དྲུག་ཁ་སྣོན་ཐོག་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པ་དང་ལྟ་རྟོག་འོག་སྡོད་དགོས་པ་བཟོས་ཡོད་པ་དང་། དེ་ཡང་ཕུར་ཁོ་དང་རིན་རྡོ་དང་། ཀིརྟི་ཡེ་ཤེས་གསུམ་ལ་སྤྱི་ཚོགས་ཀྱི་ཁྲོད་དུ་བཙོན་པ་ནང་བཞིན་ལོ་ངོ་གཉིས་དང་ཕྱེད་དང་། འཇིགས་བྱེད་སྐྱབས་ལ་སྤྱི་ཚོགས་ཀྱི་ཁྲོད་དུ་བཙོན་པ་ནང་བཞིན་ལོ་ངོ་གསུམ་དང་ཕྱེད་ཀ་སྡོད་དགོས་པའི་ཐག་བཅད་ཡོད་འདུག། བོད་རིགས་བཙོན་པ་བཞི་པོས་དེར་མོས་མཐུན་གནང་བར་བརྟེན་ནས། བོད་མི་བཞི་བོ་འཇུ་བཟུང་བཀག་ཉར་བྱེད་ཡུལ་འབྲེལ་ཡོད་ས་གནས་རྗོང་གི་ཁྲིམས་ཀྱི་འགྲོ་ལུགས་སྤེལ་རྗེས་གློད་བཀྲོལ་བཏང་ཡོད་པ་རེད།  
འོན་ཀྱང་ཁོང་བཞི་པོ་འཇུ་བཟུང་བཀག་ཉར་བྱེད་ཡུལ་འབྲེལ་ཡོད་ས་གནས་རྗོང་གི་ཁྲིམས་ཀྱི་འགྲོ་ལུགས་ལྟར་བྱེད་དགོས་པའི་ཐག་གཅོད་བྱས་ཡོད་པ་རེད་འདུག།
གནས་ཚུལ་འདི་ནི་སྤྱི་ལོ་༢༠༡༡ལོར་ས་གནས་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་པས་ངན་འབྲེལ་བྱས་ནས། མཛོད་དགེ་རྫོང་ཐང་སྐོར་སྐ་བར་མ་སྡེ་པའི་འབྲོག་ཁྱིམ་དུད་ཚང་༢༠ལྷག་གི་རྩྭ་ས་གཞུང་བཞེས་བཏང་ཞིང་ཁྱིམ་ཚང་གནས་སྤོར་བྱེད་དུ་བཅུག་ཡོད་པ་དང་། དེ་ཚོ་གྲོང་ཁྱེར་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་རྒྱུའི་ལས་གཞིའི་ནང་ཚུད་ཡོད་པར་བརྗོད་ཡོད་རུང་། ད་ལྟ་ཡང་གད་སྙིགས་ཁྲོད་ལུས་བསྡད་ཡོད་པ་དང་འཛུགས་སྐྲུན་གྱི་ལས་གཞི་གང་ཡང་གཉེར་མེད་པར་རྩྭ་ས་ཁག་གཅིག་མི་སྒེར་པ་ཁག་ལ་བོགས་མར་བཏང་ཡོད་པར་བརྟེན་ཕྱིས་སུ་འདི་ལོའི་སྤྱི་ཟླ་ལྔ་པའི་ནང་རྩྭ་ས་གཞུང་བཞེས་ཕྱིན་པའི་འབྲོག་པ་ཁྱིམ་ཚང་ཚོས། ས་གནས་མཛོད་དགེ་རྫོང་དང་། ཁུལ་། དེ་བཞིན་ཞིང་ཆེན་རིམ་པར་བདེ་སྡུག་སྙན་སེང་གི་ཞུ་ཡིག་ཕུལ་ནས། རྩྭ་ས་གཞུང་བཞེས་བཏང་བ་ཕྱིར་སྤྲོད་དང་ཡང་ན་གྱོང་གུན་ཁ་གསབ་དགོས་བའི་ཞུ་གཏུགས་ལས་འགུལ་སྤེལ་ཡོད་པ་རེད།
སྤྱི་ལོ༢༠༡༥ལོའི་ཟླ་༩ཚེས༢༢ཉིན། བོད་མི་ཚོས་རང་ས་འཛིན་རྩིས་བྱས་སྐབས་རྒྱ་ནག་གི་ཉེན་རྟོག་པས་བོད་མི་ས་བདག་ཚོ་འཇུ་བཟུང་གིས་མང་ཆེ་བ་རིམ་པས་གློད་འགྲོལ་བཏང་ཡོད་པ་རེད།

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎